[A:59]
མངོན་རྟོགས། ཐུགས་རྗེ་ཆེན་མོ་སྐྱེར་སྒང་མ། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐོར་ལ་སོགས་རྣམས་ཐོབ། སྨིན་བྱེད་དབང་བསྐུར་བའི་སྐུ་དྲིན་གཙོ་ཆེ་བའི་བླ་མ་ནི། བླ་མ་སུལ་ཆེན་པ་འཇམ་དབྱངས་རིན་ཆེན་བཟང་པོ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དེ་ལ། བདེ་མཆོག་དྲུག་བཅུ་རྩ་གཉིས་ཇོ་བོ་ལུགས་ཀྱི་དབང་། ཨ་བྷ་བ་ཀ་རའི་ལུགས་ཀྱི་དབང་། འཇིགས་བྱེད་སྐྱེ་ལུགས་ཀྱི་དབང་། གཤེད་མར་ལྷ་ལྔའི་དབང་། ཕྱག་ན་རྡོ་རྗེ་གཏུབ་པོའི་དབང་ལ་སོགས་རྣམས་ཐོབ། དཔལ་ཧེ་ཏུ་ཀ་དང་གཉིས་སུ་མེད་པ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་གྱི་རྒྱལ་པོ་རི་བོ་ས་ལ། རྟོག་ལུགས་ཀྱི་དགྱེས་རྡོར་ལྷ་དགུའི་དབང་། བདག་མེད་མ་ལྷ་མོ་ལྔའི་དབང་དང་། བྱིན་བརླབས་ན་རོ་མེ་མེ་ཏྲིའི་ལུགས་གཉིས། གུར་རིགས་བསྡུས་ཀྱི་དབང་། ཀྱེེེ་རྡོ་རྗེའི་སྒྲུབ་ཐབས། མཚོ་སྐྱེས། མཁའ་འགྲོ་འདྲ་སྒྲུབ། བདུད་རྩི་འོད་ཀྱི་སྒྲུབ་ཐབས་བདག་མེད་པའི་སྒྲུབ་ཐབས་ཆུང་བ། བླ་མ་མདོ་སྡེས་མཛད་པའི་བསྐྱེད་ཆོག་ཉི་ཤུ་པ། བདག་མེད་མའི་མངོན་རྟོགས་རྒྱས་བསྡུས། བླ་མ་ལ་རང་གིས་མཛད་པའི་རིགས་བསྡུས་ཀྱི་མངོན་རྟོགས། ཚོགས་མཆོད། རབ་གནས། སྦྱིན་སྲེག ། གཏོར་ཆོས། རྡོ་རྗེ་སློབ་དཔོན་གྱི་སྤུར་སྦྱོང་། ལས་དང་པོ་པའི་བྱ་བ་བཅོ་ལྔ། ཨཤྲ་ལ་བརྟེན་པའི་བྱད་བཟློག་པ། རྨུགས་འཛིན་འཆོལ་པ། ན་རེ་ཆོས་དྲུག་གི་ཁྲིད། ??????????