R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 62
[A:62] དྲལ། ཆལ་བུམ་འབྲིང་ཡེཤ་ཀ་རས་མཛད་པ། གཟུང་གྲང་སྔ། རྣམ་འཇམ། འོད་ཟེར་ཅན། ཚེ་དཔག་མེད་ལྷ་ཁང་དགུའི་དབང་། སྒྲུབ་ཐབས་ཡང་སྒྲུབ་ཐབས་ཆུང་བ་གཅིག །། ཚེ་དཔག་མེད་ཀྱི་ཐེད་སྒྲུབ། ཚེ་དཔག་མེད་ཀྱི་འཕོ་བ། ཡིག་འབྲུ་གཅིག་མའི་བཟློས་པ། མུ་ཁ་ལེའི་གསང་སྒྲུབ། ཛྙ་ན་ཤྲིའི་ལུགས་ཀྱི་རྣམ་འཇོམས། གཟུངས་སྒྲུབ་ལས་ཚོགས་དང་བཅས་པ། མི་གཡོ་བ་དཀར་པོའི་ལུུགས་ཀྱི་ཤེས་རབ་བློ་འཕེལ། མི་གཡོ་བ་སྔོན་པོ་སུས་བཙུགས། འཇམ་དཔལ་དཀར་པོའི་ཤེས་རབ་བློ་འཕེལ། འཇམ་དཔལ་སྨྲ་སེང་། འཆི་བ་བརྟག་པ། འཕ་ཡི་བརྟོལ་མ། འཚལ་པའི་ལུགས་ཀྱི་གདེགས་སེལ་པ་ཟེར་ལྔ། རྒྱལ་བ་ཡང་དགོན་པའི་རི་ཆོས་དགོས་པ་ཀུན་འབྱུང་། གནད་ཀྱིས་མ་དྲུག །། རྡོ་རྗེ་ལུས་ཀྱི་སྦས་བཤད། འཕྲང་སྒྲོལ་གནད་ཀྱི་བར་དོ། ལྷན་གཅིག་སྐྱེས་སྦྱོར། གཏུམ་པོ་ཞག་བདུན་མའི་སྐོར། སྦ་བཞི་སྙན་རྒྱུད། གཅེད་བཀའ་བརྒྱུད། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཞལ་ཉེ་ལྟར། གུར་མགོན་ལྷ་མོ་དང་བཅས་པའི་རྫེས་གནད་དང་སྒྲུབ་སྐོར་ལ་སོགས་པ་རྣམས་ཐོབ། སྒྲུབ་ཐོབ་ཆེན་པོ་གསང་བའི་བདག་པོ་བྱ་སྟེར་བ་ལ། ཕྱག་ན་རྡོ་རྗེ་འཁོར་ཆེན་པོའི་བང་རྫོགས་པར་ཞུས། རྣམ་སྲས་ཀྱི་རྗེས་གནང་བ་སོགས་ཞུས། མཉམ་མེད་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པ་ཀརྨ་པ་རང་བྱུང་རྡོ་ལ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། བཅུག་ཞལ་པ་གཉིས་ཀྱི་དབང་། དཀྱིལ་ཆོག་རྒྱལ་བ། ཀྱེ་རྡོ་རྗེའི་དབང་། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་། རས་ཆུང་པའི་ཕྱག་རྒྱ་ཆེན་པོ་བསྟན་ཐུན་འཇོག །། ཕྱག་རྒྱ་ཆེན་པོ་་་་་་