R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 63
[A:63] མ། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད། དམ་ཚིག་རྒྱ་མཚོའི་རྩ་བ། བྱམས་པའི་ཆོས་ལྔའི་རྩ་འགྲེལ་གྱི་ལུང་ལ་སོགས་ཐོབ། མཁའ་འགྲོ་རྒྱ་མཚོའི་དབང་ཞུས་པ་བདེ་ཆེན་དུ་བྱོན་པའི་དུས་སུ། གྲ་པ་འགའ་ཞིག་གིས་སྔུན་ལྡང་མ་བྱས་པ་ལ། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དགེ་སྦྱོང་ཆེན་པོ་འདི་སྐྱེ་བ་མང་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱས་པའི་མི་ཡིན། ཁྱེད་རྣམས་སྔུན་ལྡང་མི་བྱེད་པ་ཅི་ཡིན་གསུང་། དེ་ལ་སོགས་པ་ངོ་མཚར་གྱི་གཏམ་མང་དུ་ཡོད། དགུང་སྙིང་ཡང་གཅིག །། གཤེགས་པའི་ཚེས་གྲངས་ཀྱང་གཅིག །། ཐུགས་ཡང་ཤིན་ཏུ་འདྲེས་པ་ཡིན། ས་སྐྱའི་བླ་མ་འཇམ་དབྱངས་ཆེན་པོ་རིན་ཆེན་རྒྱ་མཚན་པ་ལ། བདེ་མཆོག་ལུས་དཀྱིལ་གྱི་དབང་། སྒྲོལ་མ་མཌྟལ་བཞི་པ། མངོན་རྟོག་རྒྱན་འགྲེལ་པ་དང་བཅས་པའི་བཤད་པ་ལ་སོགས་ཐོབ། འཇམ་དབྱངས་ཆེན་པོ་གུང་ཐང་དུ་བྱོན་ནས། འཚལ་པའི་བསྙེན་བཀུར་བྱས་དུས། དྲུང་ནས་མོལ་བ་མཛད་པའི་དུས་སུ། ཐུན་མོང་མ་ཡིན་པའི་བྱིན་བརླབས་ཞུགས་ནས། རླུང་སེམས་དབུ་མར་ཚུད་ནས། གཏམ་གཏོད་བའི་གདངས་ལ་སོགས་ཕྱི་རོལ་གྱི་སྣང་བ་འགགས་ལ་འཛིན་པ་མེད་པའི་ཐུགས་དམ་ཤར་གསུང་། འགྲོ་བའི་མགོན་པོ་བླ་མ་བཞི་ཐོག་པ་བསོད་ནམས་རྒྱ་མཚན་པ་ལ། ཀྱེ་རྡོ་རྗེ་དཀྱིལ་གྱི་དབང་། མངོན་རྟོགས། སེམས་ཙམ་ལུགས་ཀྱི་སྨོན་འཇུག་སེམས་སྐྱེད་ཆོ་གའི་ཁྲིགས་ཁོང་རང་གིས་མཛད་པས། སྲོན་པོའི་ལུགས་ཀྱི་སྦྱོར་དྲུག་གི་ཁྲིད་ཡིག་ངེས་དོན་སྐུ་བཞིའི་ལམ་དུ་འཇུག་པ། སྲོན་པ་ཆོས་དཔལ་གྱིས་མཛད་པ། སྔོན་འགྲོ་བའི་ལྷན་ཐབས་སྣང་མཛད་རྡོ་རྗེས་མཛད་པ། སོ་སོར་བསྡུད་དང་བསམ་གཏན།