[A:65]
རྡོ་རྗེ། སྨྲ་མཁན་ཞབས། སུ་ར་པ། ཤྲི་བཻ་རོ་ཙམ་ན་རྣམས་ཀྱིས་གསུངས་པའི་དོ་ཧ། ལྕེ་སྒོམ་རྫོགས་པའི་མན་ངག་གནད་ཀྱི་མེ་ལོང་སྐོར་གསུམ། ཕྱག་རྒྱ་ཆེན་པོ་བརྡའི་རྩ་བ་ལ་སོགས་རྣམས་ཐོབ། རིན་པོ་ཆེ་གསེང་ཁང་སྟོངས་པ་ལ། ཏིང་ངེ་འཛིན་རྒྱས་པའུ་དབང་ཞུས། སྤྲུལ་སྐུ་ཤཀྱཱ་འབུམ་ལ་ཏིང་ངེ་འཛིན་རྒྱས་པ་ཞུས། བྲག་པའི་བླ་མ་བྱ་ཉལ་བ་ལ་གཤེད་དམར་ལྷ་ལྔའིི་དབང་། ཕྱག་ན་རྡོ་རྗེ་གཏུམ་པོའི་དབང་། སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་སོགས་རྣམས་ཐོབ། རྗེ་བཙུན་གསང་བའི་བདག་པོ་གན་པ་བ་བ་ཏ་ཏྣ་དྷྭ་ཛ་པ། འཚལ་པའི་ལུགས་ཀྱི་བདེ་མཆོག་ལུ་ཡི་པའི་དབང་ཞག་བདུན་མ། ལུ་ཡི་པའི་སྒྲུབ་ཐབས། གཉིས་མེད་རྣམ་རྒྱལ་གྱི་རྒྱུད། མཁའ་འགྲོ་རྒྱ་མཚོའི་རྒྱུད། འགྲེལ་པ་གྲུ་རྫོགས། སྒྲུབ་ཐབས། དཀྱིལ་ཆོག །། སྦྱིན་སྲེག །། གཏོར་མ། བསྟོད་པ་དང་བཅས་པ་ཐོབ། རྡོ་རྗེ་མཁའ་འགྲོའི་རྒྱུད། ངེས་བརྗོད་བླ་མའི་རྒྱུད། ཧེ་རུ་ཀ་མངོན་འབྱུང་གི་རྒྱུད། སྡོམ་པ་འབྱུང་བའི་རྒྱུད། ཕག་མོ་མངོན་འབྱུང་གི་རྒྱུད། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད། ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱད་སྒྲུབ་ཐབས། སྔགས་འབུམ། ཕྱི་སྒྲུབ་ཐབས། ནང་སྒྲུབ་ཀྱི་རྩ་བ། ཁྱད་པར་གྱི་འཁོར་བཞིའི་ཁྲོ་བོ་ཁམས་སུ་རྣམ་རྒྱལ་གྱི་སྒྲུབ་ཐབས། གནོད་སྦྱིན་སེར་པོའི་སྒྲུབ་ཐབས། ཁྲོ་བོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས། ཕྱག་རྒྱ་ཆེན་པོ་ཡེ་ཤེས་འཁོར་ལོ་རྩ་འགྲེལ་གཅིག །། དྲི་མེད་སྣང་ཆེན། སྣང་ཆུང་། དགས་པོའི་ཆོས་བཞི། རྣལ་འབྱོར་ལམ་རིམ་ལ་སོགས་རྣམས་ཐོབ། བླ་མ་ཤར་པ་ཀུན་དགའ་སེང་གེ་བ་ལ། ཀྱཻ་རྡོ་རྗེའི་དབང་བསྐུར་དང་