R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 66
[A:66] བདེ་བ་ཆོག་དྲིལ་བུ་པའི་དབང་ལ་སོགས་ཐོབ། བླ་མ་ནམ་མཁའ་རྒྱལ་མཚན་གུ་ཤྲི་ལ། ཀྱཻ་རྡོ་རྗེའི་དབང་ཐོབ། བླ་མ་ཏི་ཤྲི་སངས་རྒྱས་དཔལ་ལ། བདེ་མཆོག་དྲིལ་བུའི་དབང་། དབུ་མ་ལུགས་ཀྱི་སེམས་སྐྱེད་ཐོབ། སློབ་དཔོན་ཀུན་དགའ་དཔལ་ལ། ཀྱེ་ཀྱེ་རྡོ་རྗེའི་དབང་། བདག་འཇུག །། སྦྱིན་སྲེག །། དུས་ཐ་མའི་ཆོ་ག །། རབ་གནས། ལྷ་མི་བཅུ་ལྔའི་དབང་། ས་ལུགས་ཀྱི་བརྟག་གཉིས། གུར། སམ་བུ་ཌི་རྣམས་ཀྱིས་བཤད་པ། བླ་མ་འཕགས་པས་མཛད་པའི་མངོན་རྟོགས་རྒྱས་འབྲིང་གསུམ། བདེ་མཆོག་དྲིལ་བུ་པའི་དབང་། མངོན་རྟོགས། བདག་འཇུག་ལ་སོགས་རྣམས་ཐོབ། གྲེལ་བྱེད་པ་ཟབ་ཀྱིས་ཁྲིད་པའི་སྐུ་དྲིན་ཅན་གཙོ་ཆེ་བའི་བླ་མ་ནི། བསམ་སྡིངས་ཀྱི་བླ་མ་ཞང་སྟོན་བྱང་ཆུབ་ཤེས་རབ་ལ། ཚེ་དཔག་མེད་ཀྱི་དབང་བཞི་རྫོགས། ནི་གུ་ཆོས་དྲུག །། སེམས་པ་འཆི་མེད། འཆུག་ཡོད་པ་ལྟར་རྣམ་གསུམ། ཀླུ་གྲུབ་ཀྱི་མཆོད་རྟེན་གྱི་དྲུང་དུ་སེམས་པ་ཐག་བཅད་པ། ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། ནག་པོ་པའི་གཏུམ་ལམ་རྫོགས། ཀམ་པ་ལའི་ཡིན་སྲིད་པ། ཏོག་རྩེ་པའི་བསམ་མི་ཁྱབ། ཨནྡི་ཁ་དྷིའི་ཡི་ལམ། པདྨ་འཛུམའི་ལམ། མཁས་པའི་སྒོ་དྲུག་གི་གདམས་ངག །། ན་རོ་པའི་ཕྱག་རྒྱ་ཆེན་པོ་སྡུལ་སུམ་པོ་ལ། ངག་དབང་གྲགས་པའི་གཉུག་མ་དྲན། ཤེས་རབ་འབྱུང་གནས། བར་ཆད་སྲུང་བ། ཛཱ་ན་འབྱུང་བ་ལུས་འཁྲུག་ཀྱི་བར་ཆད་པ་དྲུང་བ། ཤནྟི་པའི་མདོ་རྒྱུད་བསྲེ་བ་