R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 67
[A:67] བརྡ་དོན་གསལ་བའི་ཐོ་ཡིག །། བར་དོའི་བཀའ། དྲིས་ལན་བཞི་པ། དམིགས་པའི་སྒྲོམ་བུ། བདེ་མཆོག་གི་བཟླས་པའི་གདམས་ངག །། གདམས་ག་རིན་ཆེན་དཔུུངས་པ་ལ་སོགས་རྣམས་ཐོབ། རྗེ་བཙུན་དཔལ་ལྡན་བླ་མ་སྤྱི་བསྡུས་པ་ཆེན་པོ་ལ། ཁྲིད་ཐམས་ཅད་ཀྱི་སྔོན་འགྲོ་དགོས་པ་ཀུན་འབྱུང་ཁོ་རང་གིས་མཛད་པ། དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམས་སྦྱོར་བ་ཡན་ལག་དྲུག་པ། ཆོས་རྗེ་འཇམ་དབྱངས་ཆེན་པོའི་ཁྲིད་ཡིག་སྟེངས་ནས། ཉམས་ཁྲིད་དུ་བསྐྱངས་ཤིང་ཁྲིད་ཚུལ་གྱི་འཛུབ་ཁྲིད་གདེངས་སེལ་དང་བཅས་པ། དབང་མདོར་བསྟན་རྩ་འགྲེལ། ཤ་བ་རིའི་ཞུང་ཆུང་རྩ་འགྲེལ་རིགས་གསུམ་མགོན་པོ་སྤྲུལ་པ་རྒྱལ་པོ་ཟླ་བཟངས་གྲགས་པ་ས་དཧར་གསུམ་གྱི་རྩ་རླུང་ཐིག་ལེའི་གདམས་པ། དུས་ཞབས་པ་ཆེན་པོས་བཞི་ཏུ་བསྡུས་པའི་ཉི་ཟླ་སྒྲུབ་པ་དང་། ཡེ་ཤེས་སྤྱན་སྒྲུབ་རྒྱུད་ཀྱི་མན་ངག་ཏུ་བཀྲལ་བ་སྦས་པ་མིག་འབྱེད། སྦྱོར་དྲུག་སྙན་རྒྱུད་ཀྱི་རྒྱ་གཞུང་དུས་ཞབས་པས་མཛད། ཤ་བ་རི་པའི་སྦྱོར་དྲུག་གི་རྒྱ་གཞུང་དང་། བྷི་བྷུ་ཏས་མཛད་པའི་འགྲེལ་པ། དེའི་དོན་འགྲེལ་ཀུན་སྤངས་པས་མཛད། སློབ་དཔོན་མེད་འཚོས་པས་མཛད་པའི་སྦྱོར་དྲུག་གི་རྒྱ་གཞུང་དང་། དེའི་འགྲེལ་པ་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། བླ་མའི་ཡོན་ཏན་ཡོངས་གཟུང་། རྩ་མིའི་སྦྱོར་ཕྲེང་བུམ་པ་ཅན་གྱི་གནད། བླ་མ་ཡི་མོ་བས་མཛད་པའི་ཕྱག་རྒྱ་ཆེན་པོ་གསལ་སྒྲོན། འོད་གསལ་གསལ་སྒྲོན། སྟོང་ཉིད་གསལ་སྒྲོན། ཟུང་འཇུག་གསལ་སྒྲོན། བླ་མ་བྱེངས་པས་མཛད་པའི་མདོ་རྒྱུད་ཀྱི་ལུས་སྦྱོར་གཉིས། ཞི་བྱེད་པའི་དོན་རྒྱུད་ཀྱི་ཁྲིད་ཆོས་