R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 76
[A:76] སེམས་སྒོམ་པ། རྟ་དབྱངས་ཀྱི་ཀུན་རྫོབ་ཀྱི་སེམས་སྒོམ་པ། དབྱིག་གཉེན་གྱི་འདོད་ཡོན་ལྔའི་ཉེས་དམིགས་བཤད་པ། སློབ་དཔོན་སངས་རྒྱས་གསང་བའི་མཌྜལ་བྱ་བའི་ཆོ་ག །། སློབ་དཔོན་རིན་ཆེན་འབྱུང་གནས་སྦས་པའི་མཌྜལ་འབུལ་བའི་ཆོ་ག །། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཏིང་ངེ་འཛིན་ཚོགས་ལེགས། ནག་པོ་ཞབས་ཀྱིས་མཛད་པའི་ཏིང་ངེ་འཛིན་ཚོགས་ལེགས། སློབ་དཔོན་ཨ་བ་དྷུ་ཏའི་བསྟན་ནམ་གྱི་ཆོས་དྲུག་རྣམ་པར་བཞག་པ། དེའི་འགྲེལ་པ་སློབ་དཔོན་དྷ་ན་ཤཱི་ལས་མཛད་པ། སློབ་དཔོན་སངས་རྒྱས་གསང་བའི་རྣལ་འབྱོར་རྟོག་པའི་གདེགས་སེལ། སློབ་དཔོན་ཨ་ཙརྒྱ་ཀ་མ་ལ་ཤཱི་ཏས་མཛད་པ། སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་བཟང་པོོའི་རྣལ་འབྱོར་མཚན་ཉིད་ཀྱི་བདེན་པ། སློབ་དཔོན་མཚོས་སྦྱིན་གྱིས་མཛད་པའི་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད། སྡོམ་པ་ཉི་ཤུ་པ། དེའི་འགྲེལ་པ་སློབ་དཔོན་ཤནྟ་རཀི་ཏས་མཛད་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐེག་པ་ཆེན་པོ་ཉི་ཤུ་པ་དང་། བྱང་ཆུབ་ཀྱི་སེམས་རྣམ་པར་བཤད་པ། ཀ་མ་ལ་ཤཱི་ལའི་རྣལ་འབྱོར་སྒོམ་པ་ལ་འཇུག་པ། སློབ་དཔོན་སྙིང་པོ་སྒོམ་པའི་ལམ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་རྣལ་འབྱོར་ལ་འཇུག་པ། སློབ་དཔོན་དགེ་བའི་གོ་ཆའི་མི་སྡུག་པ་སྒོམ་པའི་རིམ་པ། སློབ་དཔོན་ནག་པོ་ཞབས་ཀྱི་ལུས་ཡོངས་སུ་སྤྱད་པའི་སྒོམ་རིམ། སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པའི་ཕ་རོལ་དུ་ཕྱིན་པའི་ཐེག་པའི་རིམ་པ་སྒོམ་པའི་མན་ངག །། སློབ་དཔོན་མ་ཧཱ་མ་ཏིའི་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་སྒོམ་པ། སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག །། དཀོན་མཆོག་གསུམ་རྗེས་སུ་དྲན་པ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་སྡེ་བཤད་པ་དང་སྒྲུབ་པའི་ཆོ་ག །། སློབ་དཔོན་ཆོས་ཀྱི་