R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 77
[A:77] དབང་པོའི་རྣལ་འབྱོར་ལ་འཇུག་པའི་མན་ངག །། སློབ་དཔོན་ཞི་བ་ལྷའི་དེ་བཞིན་ལེགས་པའི་སྙིང་པོ་ཡིག་བརྒྱའི་བསྲུང་བ་སྡིག་པ་བཤད་པའི་ཆོ་ག །། སློབ་དཔོན་ཆེན་པོ་དཔལ་རྙེག་མེད་རྡོ་རྗེའི་མཌྜལ་གྱི་ཆོ་ག །། སློབ་དཔོན་ཆེན་པོ་ཀ་བ་ལས་མཛད་པའི་མཌྜལ་གྱི་ཆོ་ག །། རྣལ་འབྱོར་སྤྱོད་པའི་སྒོམ་པའི་དོན་མདོར་བསྡུས་པ། སློབ་དཔོན་ཆེན་པོ་ཟླ་བས་མཛད་པ་རྣམས་དང་། ལྷ་ལས་ཕུལ་ཏུ་བྱུང་བར་བསྟོད་པ། སློབ་དཔོན་བདེ་བྱེད་བདག་པོས་མཛད་པ། སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པ། དེའི་འགྲེལ་པ་སློབ་དཔོན་ཕྱོགས་གླང་པོས་མཛད་པ་ལ་སོགས་རྣམས་ཐོབ། མཁན་ཆེན་གཞོན་བྱང་པ་ལ། རྣམ་འཇོམས་དམིགས་པ་སྐོར་གསུམ། རྣམ་འཇོམས་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་པོ་ཆེ་སྣང་བ། རྣམ་འཇོམས་རིན་པོ་ཆེའི་ཕྲེང་བ། རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། སྨན་བླ་མའི་མདོ། ཤེས་རབ་སྙིང་པོ། བྱང་ཆུབ་ལྷུང་བཤགས། འདའ་ཀ་ཡེ་ཤེས། དཀོན་མཆོག་གསུམ་རྗེས་དྲན། དབུ་མའི་གཞུང་། དབུ་མའི་མན་ངག །། བཀའ་གདམས་ལམ་རིམ། བློ་སྦྱོང་བདུན་མའི་རྩ་བ་དང་། ཚིག་བརྒྱ་མ་ལ་སོགས་རྣམས་ཐོབ། མཁན་ཆེན་བསོད་ནམས་དཔལ་བ་ལ་བསྙེན་པར་རྫོགས་པའི་མཁན་པོ་དང་། རིན་པོ་ཆེ་བྱང་ཆུབ་བཟང་པོ་ལ་ལས་ཀྱི་སློབ་དཔོན་ཞུས་པས་གོང་དུ་བསྟན་པ་ལ་སོགས་རྣམས་ཐོབ། མཁན་པོ་ཤེས་རབ་མགོན་ནེ་བ་ལ་གསང་སྟེ་སྟོན་པ་ཞུས། འདུལ་བ་མདོ་རྩ། བྱ་ཌིཀ་བཤད་པ། འདུལ་བ་མེ་ཏོག་ཕྲེང་རྒྱུད། སོ་སོར་ཐར་པའི་མདོ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། དོན་ཞགས་དེ་ཉིད་བཅུ་གཅིག་ལ་སོགས་རྣམས་ཐོབ། སློབ་དཔོན་འགའ་ཟུང་