R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༤བ
[A:༦༤བ]ཁྲིད་རྒྱས་པ། དབུ་མ་སྙིང་པོའི་ཁྲིད་བསྡུས་པ། ཉམས་ལེན་བསྒོམ་པའི་ཁྲིད་ལ་ཤེས་རབ་གཙོ་བོར་བྱས་པ་ཕྱག་རྒྱ་ཆེན་པོའི་སྐོར་ལ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་རྐྱེན་བཞི་གོ་ཆ་གཉིས་དང་བཅས་པ། ཕྱག་རྒྱ་ཆེན་པོ་གོ་ཆ་ལམ་ཁྱེར། ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞི་ལྡན། རྣལ་འབྱོར་བཞི་ལྡན་གྱི་ཁྲིད་རྒྱས་པ། རྣལ་འབྱོར་བཞི་ལྡན་ཆུང་བ། རྣལ་འབྱོར་བཞི་ལྡན་ཚིགས་བཅད་མ་རྣམས་ཨ་ཏི་ཤ་ནས་དྭགས་པོ་བ་ལ་བརྒྱུད་པ། ནཱ་རོ་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཐོག་བབས། ཕྱག་ཆེན་སྙན་བརྒྱུད། ཕྱག་ཆེན་གོལ་ཤོར་བཅད་པ། ལོག་ཕུག་པའི་རྣལ་འབྱོར་བཞི་ལྡན། ཕྱག་ཆེན་ཟབ་མོ་ཉིང་ཁུ། ཕྱག་ཆེན་རྣལ་འབྱོར་སྙིང་པོ། མཻ་ཏྲི་པ་ནས་བརྒྱུད་པའི་ཕྱག་ཆེན་བསམ་གཏན་ཐུན་འཇོག ཕྱག་ཆེན་ཡིད་ལ་མི་བྱེད་པ་རྣམས་དང་། ཐབས་གཙོ་བོར་བྱས་པ་ལ། ནཱ་རོའི་ཆོས་དྲུག་ཁྲིད་སྐོར་ཆ་ལག་དང་བཅས་པ། མ་རྒྱུད་ཡང་སྙིང་ཞེས་པ་རིམ་ལྔ་དང་ཆོས་དྲུག་བསྲེས་པའི་ཁྲིད། རིམ་ལྔ་གདན་རྫོགས་ཀྱི་མན་ངག རིམ་ལྔ་གདན་ཐོག་གཅིག་ཏུ་བསྒོམ་པའི་ཆུང་ངུ་། ཕག་མོ་བསྒོམ་དྲུག་གི་མན་ངག རྒྱ་ཆེན་སྤྱོད་པ་ལ་ལམ་རིམ། སྨོན་པ་སེམས་བསྐྱེད། འཇུག་པ་སེམས་བསྐྱེད། དོན་དམ་སེམས་བསྐྱེད། རྒྱུ་འབྲས་བདུན་གྱི་ལམ། ཐེག་ཆེན་བློ་སྦྱོང་དང་། འབྲས་སུ་རྫོགས་པ་ཆེན་པོའི་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་། སྙན་བརྒྱུད་ཀྱི་འཕྲང་། གསལ་བ་གསང་སྐོར་བརྒྱུད་པ་སྡེ་བཞིའི་སྐོར་རྣམས་ཞུས་ནས་ཉམས་ཁྲིད་དུ་བསྐྱངས། གདར་ཤ་བཅད་ནས་བླ་མའི་དྲུང་དུ་ཀུ་རེ་ཞུས་པ།