R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨བ
[A:༦༨བ]ཀྱི་ཀྱེ་རྡོར་ཀྱི་དབང་བཀའ་རྒྱུད་གསུམ་གྱི་བཤད་བཀའ་དང་བཅས་པ། ཇོ་བོ་ལུགས་ཀྱི་མཧཱ་མཱ་ཡའི་དབང་བཤད་ཁྲིད་དང་བཅས་པ། ཨོ་རྒྱན་སྒྲོལ་མའི་དབང་བཀའ་ཆོས་སྐོར་དང་བཅས་པ། སྟོད་ལུགས་ཀྱི་རྩེ་མོ་རིགས་བསྡུས་དང་གཙུག་དགུ་དབང་སྒྲུབ་ཐབས། མི་འཁྲུགས་པ་རྣལ་འབྱོར་རྒྱུད་དུ་བྱས་པའི་ཇོ་བོ་ལུགས། བྱ་རྒྱུད་དུ་བྱས་པའི་ས་ལུགས། རྣམ་འཇོམས་བིར་ལུགས་དང་། བ་རི་ལུགས། དོན་ཞགས་ས་ལུགས་ཀྱི་རྗེས་གནང་ཆོས་སྐོར་དང་བཅས་པ། སེང་གེ་སྒྲའི་སྒྲུབ་ཐབས་གདོན་གྲོལ་ཆུང་ངུ་དང་བཅས་པ། རི་ཁྲོད་ལོ་མ་ཅན་གསར་རྙིང་། དཔལ་མོའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་སྙུང་གནས་དང་བཅས་པ། ཇོ་བོའི་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ་དང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་གཉིས་ཀྱི་རྗེས་གནང་ཆོས་སྐོར་དང་བཅས་པ། ཇོ་བོའི་མི་གཡོ་བ་སྤྱན་གཉིས། གསེར་གླིང་པའི་མི་གཡོ་བ་དམིགས་པ་སྐོར་གསུམ་བློ་བདེག་དང་བཅས་པ། ས་ལུགས་ཀྱི་མི་གཡོ་བ་ནག་པོ་ལས་ཚོགས་དང་བཅས་པ། ས་ལུགས་ཀྱི་གཟའ་ཡུམ་མཆོད་ཆོག་དང་བཅས་པ། ཕྱག་བརྒྱད་སྒྲོལ་མ། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཆབ་གཏོར་དང་ཆར་འབེབས་ལ་སོགས་པ་མང་དུཞུས་གསུངས། དེའི་ཚེ་ལ་སྟོད་ནས་བླ་མ་གྲགས་པ་དཔལ་ཞེས་བྱ་བ་དྲུང་དུ་ཆོས་ཞུ་རུ་བྱུང་བ་ལ་ཨུ་རྒྱན་པའི་བསྙེན་སྒྲུབ་ཀྱི་སྐོར་རྣམས་ཞུས་སོ། །རིན་པོ་ཆེ་ཚོགས་དང་གཉགས་ཀྱི་སློབ་མ་བླ་མ་བསོད་ནམས་མགོན་ཞེས་བྱ་བ་ལ། ས་ལུགས་ཀྱི་བདེ་ཀྱེ་ཡོ་ག་གསུམ། རྣམ་རྒྱལ་འཇོམས། གདོན་སྒྲོལ་