R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༦བ
[A:༧༦བ]བ་ཡིན་ཏེ། དེ་ཡང་དམ་པ་འདི་དང་པོ་ཤབ་ན་ཚད་མ་ལ་གསན་སྦྱོང་མཛད་ནས་བཞུགས་པའི་ཚེ། གྱི་སྟོན་གྱིས། མཚན་ཉིད་ཀྱི་ཆོས་ཀྱིས་ཅི་བྱེད། དེ་ནས་མྱུར་དུ་སངས་རྒྱ་བའི་གདམས་ངག་དགའ་མོད་ཟེར་བས། ཁོང་གིས་འོ་ན་དེ་འདྲའི་གདམས་པ་སུ་ལ་ཡོད་བྱས་པས། རྣལ་འབྱོར་འདིས་ཚུར་དབང་གི་རྡོ་རྗེ་ལ་ཡོད་ཟེར་བས། མཚན་ཐོས་པ་ཙམ་གྱིས་བུན་བྱེད་པ་སོགས་མོས་གུས་འཁྲུངས་ནས། རྟ་རྒོད་མ་གཅིག་ཡོད་པ་ལ་ཚོས་ཏང་བཞི་བཀལ་ཚུར་ཅན་བྱོན་ནས་མཇལ་ཁ་ཞུས་པས། ཇོ་མོ་ན་རེ། མཚམས་བཅད་པས་མཇལ་ཁ་མི་འོང་ཟེར་ཡང་། སྔར་གྱི་སློབ་མ་ཞིག་ཡིན་ཅིས་ཀྱང་མཇལ་དགོས་ཞུས་ཏེ། རྟ་ར་གཅིག་ཏུ་ཁལ་ཕོག་ནས་བསྡད་པས། སྲོད་ལ་མཇལ་ཁ་གནང་སྟེ། མར་མེ་འོད་གསལ་བ་ལས་སྔགས་པ་ཆེན་པོ་གཅིག་འདུག་པ་མཐོང་ནས། ཞལ་མཐོང་མ་ཐག་ས་གང་ཡིན། ནམ་མཁའ་གང་ཡིན་ཆ་མེད་པའི་ཟི་བུན་པ་ཞིག་བྱུང་། དེར་བླ་མའི་ཞལ་ནས། ཁྱེད་ངའི་སློབ་མ་མིན་པར་འདུག གང་ནས་ཡིན་གསུངས། ལྷོ་ཕྱོགས་པ་ཞིག་ལགས་ཞུས། དེ་ནས་ཁོང་གི་ཐུགས་ལ་རྟ་འདི་བླ་མ་ལ་ཕུལ། ཚོས་ཀྱིས་རྒྱགས་བྱས་གདམས་པ་ཞུ་སྙམ་པ་ལ། བླ་མ་དེ་ལ་མོས་གུས་ཆེ་བ་ཞིག་སྐྱེས་ནས། རྟ་དང་ཚོས་ཐམས་ཅད་ཕུལ་བས། གསང་བ་འདུས་པ་རིམ་ལྔའི་གདམས་པ་མ་ལུས་པ་གནང་། ཐུགས་ཉམས་སུ་བཞེས་པས་སྒྱུ་མའི་རྣམ་པར་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་མཐོང་བ་དང་། གཞན་ཡང་གང་དུ་བཞུགས་པའི་དུས་གཅིག སོ་བ་ནག་གི་ལ་རྒྱབ་ན་ཕར་ཚོང་བ་སུ་དི་རི་རི་འགྲོ་བ་ཐོགས་མེད་དུ་གཟིགས་པ་ལ་སོགས་པ་མངོན