R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧ན
[A:༧༧ན]་པར་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཞིག་ཡིན་ནོ། །དེ་ལྟ་བུའི་འཁོན་གད་པ་ཀཱིརྟིས། བྱང་ཁང་པ་བསོད་ནམས་རིན་ཆེན་ལ་གདམས་པ་མ་ལུས་པ་སྩལ་བ་ཡིན་ཏེ། དེ་ཡང་བྱང་ཁང་པ་འདི་འཁོན་གད་པ་ཀཱིརྟི་དང་ཡུམ་གཅིག་པའི་སྐུ་མཆེད་ཀྱང་ཡིན་ཞིང་། གད་པ་བ་ལ་རིམ་ལྔའི་གདམས་པ་ཞུས་པས། འཁོན་གད་པ་ལ་དགེས་པའི་གསུང་གིས། སློབ་དཔོན་པ་བྱོན་པ་ལེགས། ཆོས་བདག་པོ་ལ་ལེན་དུ་བྱོན་པ་ཡིན་ནམ། ངའི་མན་ངག་འདི་རྟ་ཟན་བཞིན་བཅང་བཅངས་པ་ཡིན། ཕག་པ་དབྱར་ལམ་དུ་ཚུད་པ་དང་འདྲ་འཁྱོག་ས་མེད་པ་ཞིག་ཡིན། ཟན་ལྷག་གི་ལུགས་ཀྱི་མི་ཆེ་བ་ཡིན། གདམས་ངག་གི་ལུགས་ཀྱི་མི་མང་བ་ཡིན་གསུངས་ཤིང་། མན་ངག་རྫོགས་པར་དབུ་སྙུང་བཞེས་ནས་མན་ངག་ཡོངས་སུ་རྫོགས་པར་གནང་ངོ་། །ཉམས་རྟོགས་ཀྱི་ཡོན་ཏན་ཡང་སྒྱུ་མའི་རྣམ་ཐར་འཁྲུངས་པ་སོགས་དཔག་ཏུ་མེད་པ་མངའ་བས། མྱ་ངན་ལས་འདའ་བའི་ཚེ། བདག་ཉིད་ཆེན་པོ་ས་པཎ་གྱི་རྣམ་ཐར་གྱི་ཆ་ཤས་དང་ཚུལ་མཚུངས་པར་མདོམས་ཀྱི་མཚན་མ་རྟ་ཅང་ཤེས་ལྟར་སྦུབས་སུ་ནུབ་པ་དང་། དབུའི་གཙུག་ཏོར་གྱེན་དུ་འཕགས་པ་ལ་སོགས་པ་ངོ་མཚར་བ་མང་དུ་བྱུང་བ་དང་། ཞི་བར་གཤེགས་ལ་ཁད་ཀྱི་ཚེ་ངའི་པུར་འདི་མ་སྦྱང་བར་ནུབ་ཕྱོགས་སུ་ཁ་སྟོན་ལ་ཞོག་གསུངས། ཐུར་ལྷའི་མཆོད་ཁང་དུ་དེ་ལྟར་བྱས་ནས་བཞུགས་སུ་གསོལ་བས། དེ་སྐབས་རྒྱ་མཁར་སྟོད་དུ་སྲད་པའི་རྟ་ཇག་གིས་ཡུལ་མི་ཆགས་པ་ལྟ་བུའི་ཟོས་མ་བདེ་ཡོད་པ་རྒྱུན་ཆད་པའི་ལོ་རྒྱུས་ཀྱང་ཡོད་པར་གྲགས་སོ། །དེ་ཉིད་ཀྱིས་