R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩ན
[A:༨༩ན]ཅད་ཀྱི། །མདུན་ན་འདུག་པ་འཆི་བ་ཡིན། །ཞེས་དང་། མཚན་དང་དཔེ་བྱད་བརྒྱན་པ་ཡི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ཆུ་ལྦུར་འདུས་ལ་སྨོས་ཅི་དགོས། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པར་གདའ་བ། ཡིན་ལུགས་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་དང་། དོན་དམ་པར་སྤྲོས་བྲལ་ཡིན་པར་ཐུགས་ལ་བཞུགས་པར་ཞུ་ལགས། ལུང་བསྟན་བྱེད་པ་ལ་ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་དགོས་མོད། བདག་ལྟ་བུ་དེའི་ཕྱེད་དང་པོ་ཙམ་གྱི་ཡོན་ཏན་གང་ཡང་མེད་པས་ལུང་བསྟན་ག་ལ་ཡོང་ལགས། ཡུམ་དེ་མཁའ་འགྲོའི་མཚན་རྟགས་ཚང་བ་དང་། གྲོངས་རྐྱེན་དང་གྲོངས་དུས་ཞལ་ངོ་རྣམས་ཀྱི་བྱིན་རླབས་ལ་བརྟེན་གནས་མཐོན་པོར་འཁྲུངས་པ་གཞིར་བཅས་སུ་འདུག་ལགས། ཞབས་དྲུང་རིན་པོ་ཆེ་རང་ལ་བཤད་སྒྲུབ་གཉིས་ཀ་ལ་མོ་བཟང་བ་རང་འདུག་ལགས། རང་རེ་ཞལ་མཇལ་བ་ཞིག་ཡོང་ཟེར་བ་བབས་ལགས། ད་ཕྱིན་ཐུགས་དམ་དང་། ཐུགས་གཉེར་སྤེལ་མར་གནང་མཛོད་ལ། ཉམས་ལེན་གང་མཛད་དང་བྱ་བ་གང་མཛད་ཐམས་ཅད་དཀོན་མཆོག་གསུམ་ལ་མགོ་བཅད་པང་སྐྱུར་གྱི་ཚུལ་དུ་ཐོག་ཁེལ་གྱི་རྩེ་གཅིག་ཏུ་ཐུགས་གཏོད་པར་ཞུ་ལགས། སླར་སྐུ་ཚེ་རིང་ཞིང་བཀྲ་ཤིས་ལ་ཐུགས་བསམ་ཆོས་བཞིན་དུ་འགྲུབ་པར་སྨོན་ལགས། སྐུ་རིམ་སྲུང་འཁོར་ཡང་ཆེད་གཏད་བསྒྲུབ་ལགས་པས། བདེ་ཀྱེ་ཡོ་ག་གསུམ་གྱི་རྒྱུད་མན་ངག་གཞུང་ཕྲན་དང་བཅས་པ་རྣམས་ལ་གཟིགས་རྟོག་ཕུལ་ཕྱིན་རང་ས་ངོར་གཉིས་ཀྱི་བསྟན་པ་ལ་ཐུགས་བཞག་པ་མཁྱེན་མཁྱེན།