R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢ན
[A:༩༢ན]གྱི་དབང་གི་གསོལ་བཏབ་སྦྱར་ནས་འཁོར་ལོ་ལ་སོགས་པ་ཕྱག་མཚན་བཞིའི་དབང་བསྐུར། དེ་ནས་སློབ་མ་དབང་སྟེགས་ཀྱི་སྟེང་དུ་འཁོད་ལ་ནང་དབང་བསྐུར། སླར་ཕྱིར་འཐོན་པ་ལ་ཡེ་ཤེས་པ་བཅུག་གནས་གསུམ་བྱིན་གྱིས་བརླབས་ལ་དམ་ཚིག་གསུམ་བྱིན་པ་རྣམས་མཛད་ཅིང་། ལུགས་སྔ་མར་དེ་དག་མི་མཛད་ལ། ཡང་དབང་བཀའ་རྙིང་མའི་ལུགས་ལ་སློབ་དཔོན་གྱི་དབང་དང་། སློབ་མའི་རིག་པའི་དབང་རྣམས་ལ་ནང་དབང་མ་བཤད་གསར་མར་དེ་ཀུན་ལ་ནང་དབང་བཤད་ལ། གཞན་ཡང་སྔ་མར་དབང་དེ་རྣམས་སོ་སོར་ལུས་དཀྱིལ་འགོད་པར་མ་བཤད་ཅིང་། ཕྱི་མར་ནང་དབང་བསྐུར་བའི་རྗེས་ལ་སློབ་མ་དབང་སྟེགས་ཀྱི་སྟེང་དུ་འཁོད་ནས་རྟེན་དང་བརྟེན་པའི་ལུས་དཀྱིལ་ལ་བཀོད། ཡེ་ཤེས་པ་བཅུག གནས་གསུམ་བྱིན་གྱིས་བརླབས་ནས་དབང་བསྐུར་བར་མཛད་པ་ཡིན་ལ། དབང་གོང་མ་གསུམ་ནི་གསར་མར་ཟུང་འཇུག་གསལ་བ་ནས་ཁ་བསྐངས་པ་བཞིན་མཛད་ལ། དེ་དང་སྔ་མའི་ལུགས་ཀྱི་དབང་གོང་མ་གསུམ་བསྐུར་བའི་ཚིག་རིགས་མི་འདྲ་བ་མང་དུ་ཡོད་ལ། གཞན་ཡང་ལུགས་སྔ་མར་བུམ་དབང་ཐོབ་ནས་དབེན་པ་གསུམ་ཀར་བསྒོམ་པ་དང་། གསང་དབང་ཐོབ་ནས་སྒྱུ་ལུས་དང་། ཤེར་དབང་ཐོབ་ནས་འོད་གསལ་དང་། དབང་བཞི་པ་ཐོབ་ནས་ཟུང་འཇུག་བསྒོམ་པར་རྟོགས་བསྐྱེད་ལ་གསུངས། ཕྱི་མར་དབང་གི་རྟོགས་བསྐྱེད་ལ་བུམ་དབང་ཐོབ་ནས་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་དུ་རུང་། གསང་དབང་ཐོབ་ནས་རྡོ་རྗེའི་བཟླས་པ་དང་སེམས་དབེན་བསྒོམ་པ་ལ་དབང་། ཤེས་རབ་དབང་ཐོབ་ནས་བདག་བྱིན་གྱིས་