R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦བ
[A:༡༦བ]གསུངས་པས་སོ། །གང་ལྟར་ཀྱང་དེ་ལྟ་བུའི་དཔྱད་གཞི་ཅན་གྱི་གཞུང་དེ་ཉིད་དང་བཅས་པའི་གསང་བ་འདུས་པ་སྐོར་ལ་དཔལ་འཕགས་པ་ཀླུ་སྒྲུབ་ཀྱིས་གཞུང་ལྔ་མཛད། དེའི་སློབ་མ་འཕགས་པ་ལྷས་དཔལ་གསང་བ་འདུས་པའི་ལམ་རིམ་ཚང་བར་སྟོན་ཅིང་། བསྐྱེད་རྫོགས་གཉིས་ཀྱི་ནང་ནས་རྫོགས་རིམ་གཙོ་བོར་སྟོན་པ་སྤྱོད་བསྡུས་སྒྲོན་མེ་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་དང་། དེ་ཉིད་ཀྱི་སེམས་དབེན་ལ་འཕྲོས་ནས་སེམས་ཀྱི་སྒྲིབ་སྦྱོང་སྒྱུ་ལུས་ལ་འཕྲོས་ནས་བདག་བྱིན་གྱིས་བརླབས་པའི་རིམ་པ་འོད་གསལ་ལ་འཕྲོས་ནས་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་གཞུང་བཞི་མཛད་ལ། གཞན་སློབ་དཔོན་འདི་ཉིད་ཀྱིས་མཛད་པར་གྲགས་པའི་རོ་སྲེག་གི་ཆོ་ག་དང་། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སོགས་ནི་བོད་ཀྱིས་སྦྱར་བ་ཡིན་གྱི། སློབ་དཔོན་འདིས་མཛད་པ་ནི་མ་ཡིན་པར་བཤད་དོ། །ཡང་གྲུབ་ཆེན་ཀླུའི་བྱང་ཆུབ་ཀྱིས་མདོ་བྱས་ཀྱི་ཉམས་ལེན་དེ་སྦྱང་གཞི་དང་སྦྱར་བ་དང་། ལྷག་མོས་འོད་གསལ་དུ་འཇུག་པ་དང་། ལུས་དཀྱིལ་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཁ་སྐོང་གི་ཟིན་བྲིས་ལྟ་བུར་གྱུར་པ་རྣམ་གཞག་རིམ་པ། སྨིན་བྱེད་ཀྱི་དབང་སྟོན་པ་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ། རྫོགས་རིམ་གཙོ་བོར་སྟོན་པ་ལས་མཐའ་རྣམ་འབྱེད་རིམ་ལྔ་ཁོང་བསྡུས་དང་གཞུང་བཞི་མཛད་ཅིང་། གཞན་ཡང་སློབ་དཔོན་འདིས་མཛད་པའི་སྦྱིན་སྲེག་ཅིག་དང་། མདོ་བྱས་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་གྲུབ་པ་བྱ་བ་འདི་ཉིད་ཀྱིས་མཛད་པར་གྲགས་པ་གཉིས་ནི་བོད་དུ་མ་འགྱུར་ཡང་རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བ་བྱ་བ་དང་། རྩ་རྒྱུད་ཀྱི་