[A:༢༧བ]འགྲེལ་པའི་མན་ངག་དོན་ལྔ་མ་དང་དོན་བཞི་མ། རིམ་ལྔ་གདན་ཐོག་གཅིག་ཏུ་བསྒོམ་པའི་མན་ངག་འཁོར་ལོ་ཅན་དང་འཁོར་ལོ་མེད་པ། སྲོག་རྩོལ་ལ་བརྟེན་ནས་གཏུམ་མོ་བསྒོམ་པ་རིམ་ལྔ་དང་སྦྱར་བ། རིམ་ལྔ་སེམས་དཔའ་གསུམ་བརྩེགས་ཀྱི་གདམས་པ། འཁོར་བ་འཇུག་ལྡོག་ལ་བརྟེན་ནས་མ་རིག་པ་རྩད་ནས་གཅོད་པའི་གདམས་ངག སྐྱེ་འཆི་གཉིས་ལ་བརྟེན་ནས་འཕོ་བ་གྲོང་འཇུག་གིས་ལེ་ལོ་ཅན་འཆི་ཁར་འཚང་རྒྱ་བའི་མན་ངག མཉམ་གཞག་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་གསུམ་གྱི་མན་ངག སྐུ་གསུམ་གྱི་འཕོ་བའི་མན་ངག བཙན་ཐབས་སུ་འཕོ་བའི་མན་ངག ཆགས་ཅན་འོག་སྒོ་ལ་བརྟེན་ནས་བདེ་བ་བསྒོམ་པའི་མན་ངག བསྲེ་བ་དྲུག་གི་མན་ངག རྡོ་རྗེ་སེམས་དཔའི་གསེབ་ལམ། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་མན་ངག མགྲིན་པར་རྨི་ལམ་ལ་བརྟེན་ནས་སྒྱུ་མ་བཙན་ཐབས་སུ་བཟུང་བའི་མན་ངག སྙིང་གར་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་མ་རིག་པ་རྩད་ནས་གཅོད་པའི་མན་ངག རིམ་ལྔ་ཅིག་ཅར་བའི་མན་ངག གསང་བ་ཐུགས་ཀྱི་རིམ་ལྔའི་མན་ངག ད་ལྟ་ཉིད་ནས་འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་གཏན་ལ་དབབ་པ། ཕ་རྒྱུད་ཡང་སྙིང་། མ་རྒྱུད་ཡང་སྙིང་རྣམས་ཏེ་ཆོས་ཚན་ཉེར་ལྔ་ཙམ་ཡོད་ལ། དེ་དག་གི་ནང་ནས་བརྒྱུད་པའི་ལོ་རྒྱུས་མ་གཏོགས། གཞན་རྣམས་བླ་མའི་མན་ངག་གི་གནད་ཀྱི་ཁྲིད་ཡིན་པས་མན་ངག་གནད་ཁྲིད་དམ་ནག་ཁྲིད་དུ་གྲགས་སོ། །འདི་དག་གཙོ་ཆེར་མར་ལུགས་ཡིན་ལ། གསེར་སྡིངས་པ་འདི་ལ་འགོས་ལུགས་ཀྱང་མ་ཚང་བ་མེད་པ་བཞུགས་པ་