R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༤ན
[A:༡༤༤ན]སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི། །བསྟན་པ་རིན་ཆེན་སྲིད་མཐར་སྤེལ་བ་ལ། །ཀུན་གྱིས་འགྲན་ཟླ་བྲལ་བའི་མཐུ་ལྡན་ཤོག །ཆོས་ཀུན་གདོད་ནས་སྤྲོས་བྲལ་སྟོང་ཉིད་དང་། །སྣང་བ་འགག་མེད་འཆར་བའི་གསལ་ཆ་གཉིས། །ཡེ་ནས་བྲལ་མེད་ཟུང་འཇུག་བློ་འདས་དང་། །བརྗོད་བྲལ་ངེས་དོན་བདེ་མཆོག་ཞལ་མཐོང་ཤོག །ཨེ་མ་ཉམས་ལེན་ཟབ་མོའི་གནད་འདི་འདྲ། །ཤེས་པས་འདི་ཕྱི་བར་དོའི་གནས་སྐབས་སུ། །ལན་ཅིག་འཁྲུལ་ཡང་དེ་ཡི་རང་མཚང་དེ། །རིག་པའི་མོད་ལ་ཡེ་ཤེས་འཆར་བར་ཤོག །འཁྲུལ་ཟད་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །ལྷག་བསམ་དག་པའི་མཐུ་དང་ཆོས་ཀྱི་དབྱིངས། །བདེན་པའི་སྟོབས་ཀྱིས་འདི་དང་ཕྱི་མའི་དོན། །ཡིད་ལ་བསམ་པ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་བདེ་མཆོག་གི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྲུབ་པའི་འཁོར་ལོས་བསྒྱུར་བ་པདྨའི་རྣམ་འཕྲུལ་འཇམ་པའི་དབྱངས་བསོད་ནམས་དབང་པོ་དང་། བྱང་ཆུབ་སེམས་དཔའ་ཞི་བ་མཚོའི་རྣམ་པར་སྤྲུལ་པ་རྒྱལ་སྲས་སྦས་པའི་རྣལ་འབྱོར་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་ཏེ་འཇམ་པའི་དབྱངས་སྐུ་མཆེད་ལས་ལུགས་འདིའི་སྒྲུབ་དཀྱིལ་གྱི་ལུང་དང་། ཆོ་གའི་ཕྱག་ཁྲིད་སོགས་ཀྱི་བཀའ་དྲིན་ཞིབ་རྒྱས་སུ་མནོས་ཤིང་། ཁྱབ་བདག་འཁོར་ལོའི་མགོན་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་