[A:༥༥ན]དེ་དུས་བཅོམ་ལྡན་བསྟན་པ་འདི། །དཔའ་བོ་བདག་གིས་བསྲུང་བར་བྱ། །ཞེས་གསོལ་བ་དང་། དཔལ་ཆེན་ཧེ་རུ་ཀས། ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཞེས་གསུངས་པ་དང་། ཏདྱ་ཐཱ། ཨོཾ་གྲྀ་ཧ་རཱ་ཛ་གྲྀ་ཧ་རཱ་ཛ། ཀུ་མ་ཀུ་མ་ཁུཾ་ཐི་སྭཱཧཱ། ཞེས་མདོངས་གསོལ་དུ་ཕུལ་ཞེས་སོགས་གསུངས་ནས། འཁོར་ལོ་བདེ་མཆོག་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པར་བཤད་པ་ཡིན་ལ། འཁོན་སྟོན་ས་སྐྱ་པའི་བཀའ་སྲུང་དཀར་བདུད་ལྕམ་དྲལ་ཕུར་སྲུང་དམ་ཅན་བཅུ་གཉིས་ཞེས་གྲགས་པའི་དཀར་བདུད་ལྕམ་དྲལ་འདི་གཉིས་ངེས་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་གཅིག་གིས་བསྡུས་པའི་སྤྲུལ་པ་ཡིན་ཏེ། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལ་བཞི་ཐོག་བླ་བྲང་གི་རྒྱབ་ཀྱི་ཉི་ཟླ་ཕུག་པར་ཆོས་སྐྱོང་ལྕམ་དྲལ་གྱི་ཞལ་གཟིགས་ནས་དངོས་སུ་གནང་བའི་ཐུགས་དམ་བསྐང་བའི་