[A:༥༥བ]ཆོ་ག་ལས། ཆེ་བའི་ཆེ་མཆོག་ཧེ་རུ་ཀ །དེ་ཡིས་ཉེར་སྤྲུལ་སྲུང་མའི་གཙོ། །དཔལ་མོ་ལྕམ་དྲལ། ཞེས་གསུངས་པས་ངེས་དོན་དུ་དེ་ལྟར་ཡིན་ཀྱང་། ཀུན་རྫོབ་ཏུ་དཀར་མོ་ཉི་ཟླ་ཉིད་འཇིག་རྟེན་འདས་མ་འདས་ཀྱི་མཚམས་ན་བཞུགས་པ་སོགས་རྣམ་འཕྲུལ་དུ་མའི་སྒོ་ནས་མཁའ་འགྲོ་བྱེ་བའི་གཙོ་མོ་མཛད་པ་སྟེ་འཁོར་འདས་ཀུན་ལ་ཁྱབ་པའི་ཚུལ་དུ་བཞུགས་པ་ཡིན་ཏེ། བསྐང་བའི་ཆོ་ག་དེ་ཉིད་ལས། མཐུ་སྟོབས་རྫུ་འཕྲུལ་མཐུ་རྩལ་ཅན། །དཔལ་ལྡན་མ་ཡིས་ཀུན་ཁྱབ་ཅིང་། །ཞེས་དང་། ཡེ་ཤེས་དབྱིངས་ཀྱི་རྗེ་མོ་སྟེ། །གཞན་དོན་འཇིག་རྟེན་པ་རུ་སྤྲུལ། །འཇིག་རྟེན་གནས་དང་འཇིག་རྟེན་འདས། །འདས་དང་མ་འདས་མཚམས་ན་བཞུགས། །ཞེས་དང་། མ་མོ་ཆེན་མོ་རྣལ་འབྱོར་མ། །ཀུན་གཞི་ཡོངས་ཀྱི་དབང་ཕྱུག་མ། །སྣང་སྲིད་ཀུན་ལ་དབང་བསྒྱུར་མ། །ཞེས་དང་། མཁའ་འགྲོ་བྱེ་བའི་གཙོ་མོ་ཁྱོད། །དུས་གསུམ་གཟིགས་