[A:༨༡བ]ཡང་གསལ་བར་བྱས་པ་ཡིན་ནོ། །ད་ནི་བཀའ་སྲོལ་གཞན་ལས་ཁྱད་པར་དུ་འཕགས་པའི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་མལ་ལོ་ཙཱ་བ་ལ་བརྒྱུད་པའི་ཚུལ་འདི་ཉིད་བཤད་པར་བྱ་སྟེ། དེ་ཡང་སྤྱིར་བསྟན་པ་ཕྱི་དར་ལ་སྟོད་ནས་དར་བ་དང་། སྨད་ནས་དར་བ་གཉིས། སྟོད་ནས་དར་བའི་ཐོག་མའང་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོར་གྲགས་པ་འདི་ཉིད་ཡིན་ཞིང་། གསང་སྔགས་སྔ་འགྱུར་དང་ཕྱི་འགྱུར་གཉིས་ལས། ཕྱི་འགྱུར་གྱི་ཐོག་མ་ལོ་ཙཱ་བ་ཆེན་པོ་འདི་ཉིད་ཀྱིས་བསྒྱུར་པ་ལ་ངོས་འཛིན་པ་ཡིན། དེ་ལྟ་བུའི་ལོ་ཙཱ་བ་ཆེན་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཅུང་ཟད་ཞིབ་པར་བརྗོད་ན། འདི་ལྟ་སྟེ། འདིའི་འཁྲུངས་ཡུལ་ནི་མངའ་རིས་སྐོར་གསུམ་ལས་གུ་གེའི་སའི་ཆ་སྙུང་ཝྃ་རརྣི་རུ་ཞེས་བྱ་བར། རིགས་གཡུ་སྒྲ་སྟོང་བཙན་ལ་སོགས་པ་བྱོན་པའི་གཡུ་རི་གཡུ་སྒྲ་ཞེས་བྱ་བ། རུས་ནི་ལྷ་ཉི་མ་ལྷུན་གྲུབ་ཀྱི་གདུང་བརྒྱུད་ཡིན་པས་ལྷུན་གྲུབ་བཟང་པོ་ཞེས་བྱ། ཆོ་འབྲངས་