[A:༡༦༨བ]པ་སྟེ། པོ་ཏ་ལ་ལ་སོགས་པའི་གནས་ཆེན་རྣམས་སུ་བསྟན་སྲུང་དབང་པོ་རྣམས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པ་དང་ལྷན་ཅིག རྒྱུད་སྡེ་ནས་ཇི་ལྟར་བཤད་པའི་ཀུན་འདར་དང་ཀུན་ཏུ་བཟང་པོའི་སྤྱོད་པ་ཚུལ་བཞིན་དུ་སྤྱོད་པའི་རྣམ་འཕྲུལ་དུ་མས་ཉེ་བའི་གནས་ཐོབ་པ་ཁྱོད་ལ་ཤིན་ཏུ་ཡིད་རང་བའི་སྒོ་ནས་འདུད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཉེ་བའི་གནས་ཞེས་བྱ་བ་ནི་བརྡའི་སྐད་ཡིན་ལ། ཐུན་མོང་དུ་གྲགས་པའི་མིང་གིས་བསྟན་ན། ས་གཉིས་པ་དྲི་མ་མེད་པ་མངོན་དུ་མཛད་དོ་ཞེས་བྱ་བ་ཡིན་ནོ། །འོ་ན་ས་ཆེན་གྱི་སློབ་མ་མཆོག་ཐོབ་པའི་ནང་དུ་བགྲང་པར་རིགས་ཤིང་། དེ་ལྟ་ན་མཆོག་ཐོབ་པའི་སློབ་མ་བཞིར་འགྱུར་རོ་ཞེ་ན། དེ་ལ་མཆོག་ཐོབ་པའི་སློབ་མ་གསུམ་འབྱུང་ཞེས་པ་ནི། གསུམ་ངེས་པར་འབྱུང་བའི་དོན་ཡིན་གྱི། གཞན་བཀག་པ་མེད་ལ། འདིར་ནི་བསྟོད་པ་དེ་ཉིད་ལས། རྡོ་རྗེ་འཆང་དང་འཇམ་མགོན་དབྱེར་མེད་པ། །ཞེས་སོགས་ཤླཽ་ཀ་གཅིག་པོ་དེའི་དོན་བླ་ཆེན་དང་