[A:༡༨༢བ]གསན་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་ཕྱུག་པར་མཛད་དོ། །དེ་ལྟར་དགུང་ལོ་བཅུ་བདུན་པའི་བར་ཆོས་རྗེ་ལ་དབང་ཁྲིད་བཤད་པ་ཕལ་ཆེར་རྫོགས། ཤིན་ཏུ་མཉེས་ནས་ཆོས་དུང་། ལྷུང་བཟེད། ཕྱག་དཔེ་ཚོགས་པ་རྣམས་གཏད། བསྟན་པའི་ཁུར་བསྐུར། བཅུ་བདུན་པ་ལ་ཆོས་རྗེ་དང་། བཅོ་བརྒྱད་པ་ལ་བྱང་ཕྱོགས་རྒྱལ་པོ་གོ་དན་ཡང་གཤེགས། དེ་ནས་སེ་ཆེན་གྱིས་གདན་དྲངས། བརྟག་པ་དང་དྲི་བ་ལ་སོགས་པའི་སྒོ་ནས་ཡིད་ཆེས་ཤིང་། བཙུན་མོས་མཚམས་སྦྱར་ནས་མོས་གུས་ཁྱད་པར་ཅན་ཚུད། དགུང་ལོ་བཅུ་དགུ་པ་ཆུ་མོ་གླང་གི་ལོ་གསར་ལ་སེ་ཆེན་གན་གྱིས་དབང་བསྐུར་ཞུས། གཡང་ཀྲིའུ་ལས་བྱས་པ་ཡི་གེ་ས་དང་རིན་པོ་ཆེའི་རི་མོ་ཡོད་པའི་དམ་ཁ་ཕུལ། ཏི་ཤྲཱིའི་མཚན་གསོལ། གསེར་དང་མུ་ཏིག་གི་སྣམ་སྦྱར། སྐུ་ཆོས། ཕྱམ་ཚེ། དབུ་ཞྭ། ཆགས་ལྷྭམ། བཞུགས་གདན། གསེར་གྱི་ཁྲི། གདུགས། གསོལ་ཞལ། གསོལ་སྡེར་ལ་སོགས་ཚང་མ། རྔ་མོ་དང་ཆིབས་དྲེལ་གསེར་གྱི་