R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༣ན
[A:༡༨༣ན]སྒ་སྐོར་ཚང་མ། གཙོ་བོར་དབུས་གཙང་གི་ཁྲི་སྐོར་བཅུ་གསུམ། སྒོས་སུ་གཙང་ཆུ་མིག་གི་ཁྲི་སྐོར་དུ་གང་གཏོགས་ཕྱག་ཕྱིར་ཕུལ། ཕྱི་ལོ་སྟག་ལོ་དེ་ལ་བནྡྷེ་ཤེད་སྐྱེད་བོད་ཡིག་ཏུ་བྲིས་པ་དང་། དངུལ་བྲེ་ཆེན་ལྔ་བཅུ་རྩ་དྲུག ཇ་སིག་ཉིས་བརྒྱ། གོས་ཡུག་བརྒྱད་ཅུ་དང་། དར་ཡུག་སྟོང་དང་བརྒྱ་ཕུལ་ལོ། །སྟག་ལོ་འདི་ལ་རྒྱ་གར་དུ་རུ་ཀས་བཟུང་ཡོད་མཚམས་ཧོར་དམག་ཁྱེར། དེ་བཞིན་གཤེགས་པའི་ཚེམས་མཆེ་བ་གདན་འགྲོངས་པར་བྱེད། དེ་བར་འཕགས་པ་རིན་པོ་ཆེས་བྱང་ངོས་སུ་བྱོན། ཆོས་རྗེའི་སྐུ་འབུམ་བཞེངས། Ordination of 'Phags pa འུ་ཡུག་པ་གདན་འདྲེན་བཏང་ནས་མདོ་ཁམས་སུ་བསྙེན་རྫོགས་མཛད་རྩིས་ལ་འུ་ཡུག་པ་གྲོངས། སྙེ་ཐང་པ་གྲགས་པ་སེང་གེས་མཁན་པོ་མཛད། ལས་སློབ་ཇོ་གདན་བྱང་ཐང་པ་བསོད་རྒྱལ། གསང་སྟེ་ཡར་ལུང་པ་བྱང་རྒྱལདད་དགེ་མཁན་པོ་སྒྲོ་དང་གནམ་འཕར་བ་སོགས་ཆོས་རྗེའི་བུ་ཆེན་མང་པོ་