R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༣བ
[A:༡༨༣བ]བསགས་ནས ་དགུང་ལོ་ཉེར་གཅིག་པ་ཤིང་མོ་ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུ་བཞིའི་ཉིནརྒྱ་བོད་ཀྱི་མཚམས་ཧེ་ཅེའུ་དང་ཉེ་བའི་སར་རྒྱལ་བའི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བཞེས་སོ། །དགུང་ལོ་ཉེར་གསུམ་པའི་སྦྲུལ་གྱི་ལོ་ཟླ་བ་བཞི་པའི་ཚེས་བཅུ་གསུམ་གྱི་ནུབ་མོ། ཆོས་རྗེ་མངོན་སུམ་དུ་བྱོན་ནས་ཟབ་རྒྱས་ཀྱི་ཆོས་གསུངས་ལུང་བསྟན་དབུགས་དབྱུང་། བསྟོད་པ་ཡང་མཛད། ཐོས་པ་རྒྱ་མཚོ་མ་ཡང་དེ་དུས་མཛད་པར་བྱེད་དོ། །དེ་ནས་ཧོར་ཡི་གེ་མེད་པ་ལ་ཡིག་གསར་བརྩམས། དེའི་ཕུད་ལ་བནྡྷེ་ཤེད་སྐྱེད་ཐགས་མ་ཕུལ། དབང་ཡོན་བར་མ་ལ་བོད་ཆོལ་ཁ་གསུམ། ཐ་མ་ལ་རྒྱའི་མི་ཡུར་ཆེན་མོ་ཕུལ། བོད་ཐམས་ཅད་ས་སྐྱ་པའི་ཆོས་ལུགས་ལས་གཞན་པ་བྱེད་དབང་མེད་པའི་ལུང་འབུད་གསུངས་པ་ལ། རང་རང་གི་ཆོས་ལུགས་གང་ཡོད་སྐྱོངས་སུ་འཇུག་པ་ཅིས་ཀྱང་དགོས་གསུངས་ནས། ཡོན་མཆོད་གཉིས་ཀའི་འཇའ་