[A:༡༩༧བ]སྐོར་རྣམས་རང་གི་སྲས་བཞི་ཐོག་པ་མཁས་བཙུན་ནམ་མཁའ་ལེགས་པ་དང་། རིན་ཆེན་སྒང་བའི་ཞལ་ངོ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་སྐུ་མཆེད་སོགས་ལ་གནང་། ཡང་འཕགས་པའི་དྲུང་དུ་ཆོས་སྐྱོང་གི་སྐོར་རྣམས་གསན་པའི་ཞང་དཀོན་མཆོག་དཔལ་བ་ལ་གྲུབ་ཆེན་ནམ་བཟའ་བྲག་ཕུག་པས་གསན། དེས་ཆོས་རྗེ་བླ་མ་དམ་པ། དེས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེས་གྲུབ་ཆེན་བུདྡྷ་ཤྲཱི་བ་དང་། ཤར་ཆེན་ཡེ་ཤེས་རྒྱལ་མཚན་པ་གཉིས་ལ་གནང་། དེ་གཉིས་ཅར་ལ་ཆོས་ཀྱི་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ཞུས་པའི་ཕྱི་སྒྲུབ་ཀྱི་མན་ངག་ཡི་གེ་གསེར་པོད་དུ་གྲགས་པ་པོ་ཏི་ཆུང་ངུ་ཞིག་བསྒྲིག་པར་མཛད། ཆོས་སྐོར་འདིའི་དཀར་ཆག་རྣམ་རྒྱལ་སྐོར་གསུམ་ལ་སོགས་པའི་ཆོ་གའི་ཡན་ལག་གི་ཡི་གེ་ཅུང་ཟད་ཀྱང་མཛད། འདི་ལྟ་བུའི་ངོར་ཆེན་རྡོ་རྗེ་འཆང་ནས་མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེང་གེ ཡོངས་འཛིན་