R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༨ན
[A:༡༩༨ན]དཀོན་མཆོག་འཕེལ། གྲུབ་ཆེན་དཀོན་མཆོག་བློ་གྲོས། འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། བདག་ཅག་གི་ཡོངས་འཛིན་དམ་པ་རྗེ་བཙུན་མུས་པ་ཆེན་པོ་རྡོ་རྗེ་འཆང་སོགས་ཀྱི་བར་དུ་བརྒྱུད་དེ། དིང་སང་ངོར་ལུགས་སུ་གྲགས་པ་དར་རྒྱས་སུ་བཞུགས། ཡང་བླ་མ་དམ་པའི་དངོས་སློབ་སྔགས་འཆང་གཟུང་སྐྱིད་དཔལ་བ་དང་། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ཀྱི་སྲོལ་འཛིན་བྱང་པ་ཨ་ནནྡ་པ་དང་། ཟུར་སྟོན་ཤཱཀྱ་ཤྲཱིའི་ཞབས་ལ་གཏུགས་པ་ཆོས་ཀྱི་རྗེ་མུས་སྲད་པ་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྲིགས་པའི་འདིའི་ཆོས་སྐོར་པོ་ཏི་གཅིག འདིའི་དཀར་ཆག ལྷ་བརྒྱད་ཀྱི་སྒྲུབ་ཡིག བསྐང་བ་རྒྱས་འབྲིང་བསྡུས་གསུམ་གྱི་ཐེམ་ཡིག་སོགས་ཁོང་རང་གིས་མཛད་པ་འགའ་ཞིག་དང་བཅས་པ། ཡི་གེའི་དངོས་བསྟན་གཙང་བ་ཞིག་འདུག་པ་ལ་དིང་སང་རྫོང་