R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༨བ
[A:༡༩༨བ]ཆུང་པ་ལུགས་སུ་གྲགས། བཤད་སྲོལ་འཛིན་པ་ཧ་ཅང་མང་རྒྱུ་མེད། ཡང་རྗེ་བཙུན་ཁུ་དབོན་གྱི་སློབ་མ་དོ་པ་སྟོན་ཚུལ་དེས་རྒྱལ་ཚ་ལུང་མང་པོ། དེས་མཁས་པ་ཡོན་ཏན་ཁྲི། དེས་མཁན་ཆེན་སེང་གེ་བཟང་པོ། དེས་ཡར་ལུང་པ་སེང་གེ་རྒྱལ་མཚན་པ་དབོན་བརྒྱུད་རྣམས་ལ་རིམ་པར་བྱུང་བའི་མན་ངག་དང་། སེང་གེ་རྒྱལ་མཚན་པས་ཆོས་རྗེ་བླ་མ་དམ་པ་ལ་གཏུགས་ཏེ་ལུགས་གཉིས་ཀྱི་ཡི་གེ་རྣམས་གུང་བསྒྲིགས། ཡིག་རྙིང་མ་དག་པ་རྣམས་ལ་ཞུས་དག་ཞིབ་ཏུ་མཛད། ཁོང་རང་གིས་ཀྱང་ལྷ་བརྒྱད་ཀྱི་གཏོར་ཆོག ནང་སྒྲུབ་ཀྱི་ཁྲིད་ཡིག གཏོར་ཆེན་གྱི་གསོལ་ག་སོགས་བརྩམས། ཆོས་རྗེ་བླ་མའི་གསུང་ལས་གསུངས་པ་ཕལ་ཆེར་ཟིན་བྲིས་སུ་བཏབ་པའི་ཡིག་ཆ་ཤིན་ཏུ་རྒྱས་པ་མང་བ་ཞིག་སྣང་། དིང་སང་གི་བར་དུ་ཁོང་རང་གི་དབོན་རྒྱུད་སྲོལ་འཛིན་ཡང་ཡོད་པར་འདུག་ཅིང་། གོང་དཀར་རྡོ་རྗེ་གདན་པ་ཆེན་པོ་སོགས་ཀྱང་ཕལ་ཆེར་སྲོལ་འདི་ལ་བརྟེན་པར་སྣང་ངོ་།