[A:༣༡བ] ལ་སོགས་པ་མངགས་ཏེ་གདན་དྲངས། གུས་པ་ཆེན་པོས་བླ་མར་ཁུར། ཅིང་གྱོ། ཏྭའི་ཆིང་། ཧྭ་ཝི། སྭི་ཐེན། ཤྭང་ཤེན། ཀིཾ་ཀྭཾ་ཏའི་ཀྵོཾ། ཀེང་མི། བ་ཧོ། དེ་བོད་སྐད་དུ་བསྒྱུར་ན། འཕྲིན་ལས་སྣ་ཚོགས་རྒྱས་པ། དམ་ཆོས་མཆོག་ཏུ་རྒྱལ་བ། ཡང་དག་པའི་ཡེ་ཤེས། སྙིང་རྗེ་རྒྱ་ཆེན་ཀུན་ནས་རྒྱས་པར་ཕན་པ། ཞིང་བསྲུང་ཞིང་བསྟན་པ་བཤད་པ། ཡང་དག་པར་རིག་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ནུབ་ཀྱི་མཆོག་ཏུ་དགེ་བ། རྡོ་རྗེ་ཀུན་ཁྱབ། འོད་ཟེར་ཆེན་པོའི་སངས་རྒྱས་ཞེས་པའི་མཚན་གསོལ། ཤེལ་དམ་དང་ལུང་བཟང་པོ། གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ལ་སོགས་པའི་འབུལ་བའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་ཕུལ་ཏེ། མདོར་ན་འཕགས་པ་རིན་པོ་ཆེ་དང་འབུལ་བ་མཉམ་པར་གྲགས། ཁྱད་པར་ལྷ་ཁང་ཆེན་མོ་ཕག་གྲུ་བའི་ལག་ནས་ནན་གྱིས་བླངས་ཏེ་ཕུལ། ས་སྐྱ་པ་ཆུས་ཁྱེར་གྱི་སྐྲ་ནས་ཟིན། རྒྱ་ནག་ཏུ་ལོ་གསུམ་བཞུགས་ནས་