[A:༣༡ན] མོ་འདོད་ཁམས་མ་དཔོན་གཡོག་གཉིས་དྲེའུ་ནག་པོ་ལ་ཆིབས་ནས་བར་སྣང་ལ་ཤ་ར་ར་བྱུང་བ་གཟིགས་པ་དང་། ལྷ་ཁང་བླ་བྲང་ན་བཞུགས་སྐབས་ཤིག་ཀྱང་དཔོན་པོ་རིའི་རྩེ་ལ་ཤར་ཕྱོགས་ནས་རྒྱངས་ཀྱིས་བྱུང་བ་གཟིགས་པ་སོགས་ལན་མང་དུ་གཟིགས་སྣང་ལ་བྱུང་བར་རྗེ་རང་ཉིད་ཀྱིས་གསུངས་སོ་ཞེས་བཤད་ལ། ཡང་དབུ་རྩེར་བཞུགས་སྐབས་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་མདུན་ན་གར་སྟབས་ལིང་ལིང་མཛད་པ་སོགས་རྣམ་འགྱུར་ཁྱད་པར་དུ་མ་མཛད་ཀྱིན་ཕེབས་པ་མངོན་སུམ་དུ་གཟིགས་པ་དང་། གཞན་ཡང་བདག་ཉིད་ཆེན་པོ་རང་གི་ཞལ་ནས། སྐབས་ཤིག་པུ་ཏྲ་འདི་དིང་སང་ཆ་ལུགས་འགྱུར་འདུག་གསུངས་པ་སོགས་མདོར་ན་མཁའ་འགྲོ་ཆོས་སྐྱོང་མི་མ་ཡིན་སོགས་ཐམས་ཅད་བྲན་དུ་འཁོལ་ཞིང་ལས་སྒྲུབ་པ་ཞིག་ཡིན་ལ། ཆོས་ཀྱི་རྒྱལ་པོ་འདི་དགུང་ལོ་རེ་བཞི་པ་ཆུ་ཕོ་འབྲུག་ལོ་ལ་རྒྱ་ནག་ཏའི་མིང་རྒྱལ་པོས་ཏའི་ཏྭ་བཞིན་དང་ཨ་ནུ་དྲེ་བོ་