R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢ན
[A:༣༢ན] ཤིང་ཕོ་རྟའི་ལོ་ལ་བོད་དུ་ཕེབས། དགུང་ལོ་དོན་བདུན་པ་ཤིང་མོ་སྦྲུལ་ལ་ལྷ་ཁང་ཆེན་མོའི་ཡང་སྟེང་ནས་བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོར་གཤེགས་པའི་ཚུལ་བསྟན་ཏེ། མདོར་ན་ས་སྐྱ་པའི་གདུང་རྒྱུད་ཅིག་ལ་སྐུ་ཚེ་དང་མཛད་པ་འཕྲིན་ལས་རྒྱ་ཆེ་ཞིང་མཐར་ཕྱིན་པའི་ཚད་ཞིག་ཏུ་བྱུང་བ་ཡིན་ནོ། Hagiography of rDzong pa Kun dga' rgyal mtshan །ཆོས་ཀྱི་རྒྱལ་པོ་དེའི་ཐུགས་སྲས་ས་སྐྱ་པའི་བསྟན་འཛིན་ཀུན་དགའ་རྣམ་གཉིས་ཀྱི་ཡ་གྱལ་རྫོང་པ་ཀུན་དགའ་རྒྱལ་མཚན་ནམ། ཉི་ལྡེ་བ་ཀུན་དགའ་རྒྱལ་མཚན་དུ་གྲགས་པ་འདིའི། མཚན་དངོས་དེ་ལྟར་ཡིན་པ་ལ། རྗེ་ཉིད་སྐུ་གཞོན་ནུའི་དུས་ཐེག་ཆེན་རིན་པོ་ཆེའི་དྲུང་ན་བཞུགས་པའི་ཚེ། ཚད་མ་རིགས་གཏེར་གྱི་གཞུང་དང་། བླ་མ་དམ་པས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་མངོན་རྟོགས་གཉིས་ཉི་མ་རེ་རེ་ལ་ཐུགས་སུ་ཆུད་ཅིང་སྟོན་པ་ཤིན་ཏུ་བཟང་བར་གྱུར་པས། སླར་ཡང་ཐེག་ཆེན་རིན་པོ་ཆེས་མཁན་འཇམ་དབྱངས་གྲགས་པའི་དཔལ་ཞེས་བྱ་བར་གསོལ་ཞིང་བུ་སློབ་ཀྱི་