[A:༣༢བ] གཙོ་བོར་མཛད་པ་ཡིན་ནོ་ཞེས་ཐོས་ལ། རྗེ་འདིས་ཀྱང་བསྟན་སྲུང་རྣམས་བྲན་བཞིན་ཏུ་འཁོལ་བའི་ཚུལ་ནི། སྒོ་རུམ་ན་བཞུགས་པའི་བསེ་མགོན་ཆེན་པོ་ལ་གཞན་སུས་ཀྱང་རེག་པ་ལྟ་ཞོག ནན་ཏན་དུ་ལྟ་བ་ཙམ་ཡང་མི་ནུས་པ་ལ། རྗེ་འདི་ཉིད་ཀྱིས་ཞལ་འབག་གི་རྡུལ་སེལ་བ་དང་། ན་བཟའ་འཆོས་པ་སོགས་མཛད་པ་ལ་རྩུབ་འགྱུར་ཅུང་ཟད་ཀྱང་མི་འབྱུང་ཞིང་དགྱེས་པའི་རྣམ་འགྱུར་དུ་མ་གཟིགས་པ་དང་། གཞན་རྗེ་ཉིད་ཀྱི་གསུང་ལས་ངས་མགོན་པོ་ཞལ་བཞི་པའི་རྗེས་གནང་ཞུས་པ་ཙམ་ནས། ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་ཞིག་བྱུང་ནའང་། གཏོར་མ་སྔ་ཕྱི་ཙམ་ལ་ཡང་མཆོད་གཡོག་པ་ཁྲག་སྐྱུག་ཏུ་འོང་བ་སོགས་རྩེ་རག་རྒོད་དྲགས་པ་ཞིག་བྱུང་པས། འཇམ་པར་འདོད་ན་ལྷག་མ་དང་ཐུག་ཕྲད་ལ་བསླབས་ཟེར་བའི་མན་ངག་དེ་བྱས། ཅུང་ཟད་གནད་ལ་ཕབ་ནས་དེ་ཕྱིན་གཏོར་མ་མ་ཆག་ཙམ་ལས་ཆེད་གཉེར་མ་བྱས་ཀྱང་།