[A:༢༤ན]རྣམས་ལ་གནོད་པར་བརྩམས་པ་ན། ཁོང་རྣམས་ཀྱིས་ནག་པོ་འོང་བའི་ལམ་སྲང་དུ་དུག་གི་ལ་དུ་དང་། མྱོས་བྱེད་ཀྱི་ཆང་སྣ་ཚོགས་བཞག་པས། ནག་པོས་ཟོས་འཐུངས་པས། མཐུན་རྫས་སུ་སོང་ནས་སླར་ནུས་པ་ཆེས་ཆེར་རྒྱས་པར་གྱུར། དེ་ཉིད་བསྲུང་བར་འདོད་པས། གྲོང་ཁྱེར་གྱི་ཤར་སྒོར་ཡུངས་ཀར། ལྷོར་སྒོག་པ། ནུབ་ཏུ་རང་བྱུང་གི་རཀྟ། བྱང་དུ་བཙན་དུག བྱང་ཤར་དུ་ཤ་ཆེན། ཤར་ལྷོར་དྲི་ཆེན། ལྷོ་ནུབ་ཏུ་ཚ་བ་གསུམ། ནུབ་བྱང་དུ་ཀླད་པ་རྣམས་བསྲེགས་པའི་དུད་པ་བཏང་པས། དེས་ཀྱང་སླར་མཐུ་སྟོབས་དང་ལྡན་པར་གྱུར་པས། ད་ལྟ་ལ་དུ་དང་། ཆང་དང་། སྤོས་སྦྱོར་རྣམས་དམ་རྫས་སུ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། དེ་ནས་ནག་པོས་ཕས་བྱིན་པའི་གྲི་གུག་ཕྱག་གཡས་སུ་ཁྱེར། མས་བྱིན་པའི་ཐོད་པ་ཕྱག་གཡོན་པར་ཐོགས། གསལ་ཤིང་གྲུ་མོར་བཅུག་