[A:༢༤བ]སྟེ་འཁོར་གདུག་པ་ཅན་རྣམས་དང་བཅས་པས། སྤྱིར་སེམས་ཅན་གྱི་སྲོག་གི་གཤེད་མ་བྱས། ཁྱད་པར་གྲོང་ཁྱེར་གསུམ་བརྩེགས་པའི་རྒྱལ་བློན་འབངས་འཁོར་དང་བཅས་པ་ཐམས་ཅད་བསད་དེ། ཤ་ཟོས་ཁྲག་འཐུངས། གྲོང་ཁྱེར་ཐམས་ཅད་བཤིག་བཅོམ་བརླག་པར་བྱས་པས། གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། །ཞེས་བསྟོད་པའི་རྒྱུ་མཚན་དེ་ཡིན། དེ་ནས་སྔར་གྱི་སྤྱོད་པ་རྒྱུ་མཐུན་པའི་ལས་ཀྱི་དབང་གིས། འོད་ཟེར་ཅན་ཉ་པར་སྐྱེས་པ་དེ་ཡང་བསད་ནས་ཤ་ཟོས་ཁྲག་འཐུངས་སོ། །དེར་སྲིད་པ་གསུམ་ན་དབང་ཆེ་བའི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་ཀྱང་མ་ཐུབ་པར། ནང་སེམས་ཅན་བརྒྱ་ཟ། ནུབ་སེམས་ཅན་བརྒྱ་ཟ་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་བརླག་ལ་ཁད་དུ་གྱུར་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་ནས། ནག་པོ་དྲག་པོ་འདུལ་བའི་དོན་དུ་ཁྲོ་བོའི་དབང་པོ་