R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༥ན
[A:༣༥ན] གསུངས་པ་དང་། Hagiography of Mus srad pa rDo rje rgyal mtshan ཡང་དཔལ་མགོན་ནི་དྲིལ་བུ་འཁྲོལ་བའི་ལད་མོ་བྱེད་ཀྱི་འདུག་གསུངས་པ་སོགས་མཁའ་འགྲོ་ཆོས་སྐྱོང་རྣམས་དང་འབྲལ་མེད་དུ་བཞུགས་པ་ཞིག་ཡིན་པར་མངོན་ནོ། །ཡང་ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་ཀྱི་དགེ་བའི་བཤེས་གཉེན་མཚུངས་མེད་མུས་སྲད་པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་ཡང་སྐྱེས་སྦྱངས་ཀྱི་མཁྱེན་རབ་ཕུལ་དུ་ཕྱིན་པས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྗེ་བཙུན་གོང་མའི་རྒྱུད་མན་ངག་གི་བསྟན་པ་གསལ་བར་མཛད་ཅིང་། ཁྱད་པར་ཆོས་སྐྱོང་ཆེ་ཆུང་གི་མན་ངག་སོ་སོའི་དཀར་ཆག་གི་ཡི་གེ་མཛད་པ་སོགས་ལུགས་འདི་ལ་ཕྱག་རྗེས་ཀྱི་བཀའ་དྲིན་ཡང་མཆོག་ཏུ་ཆེ་ཞིང་བསྙེན་སྒྲུབ་ཀྱང་མཐར་ཕྱིན་པས་ཆོས་སྐྱོང་རྣམས་ཀྱིས་ཞལ་ཡང་ཡང་དུ་གཟིགས་ཤིང་གདན་ས་ཆེན་པོའི་བླ་བྲང་བྲང་མོ་ཆེའི་ཆོས་རྗེ་བཟང་པོ་རྒྱལ་མཚན་པའི་གཟིམ་ཁང་དུ་བརྒྱ་དཔོན་ཆོས་རྗེ་ཀུན་དགའ་བསམ་གྲུབ་པས། རྗེ་ཉིད་ལ་ཆོས་རྗེ་གཟུང་