[A:༣༥བ] པ་ལ་སོགས་པའི་ཆོས་རྒྱུད་དྲི་མ་མེད་པ་བཞུགས་པར་དགོངས་ནས་བླ་བྲང་གི་གདན་ས་མཛད་པར་གསོལ་བ་བཏབ་པ་བཞིན། གནས་དེ་ཉིད་དུ་གདན་ཕབ་ནས་ལོ་ཉི་ཤུ་རྩ་དྲུག་གི་བར་ལ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། དེའི་བར་གྱི་ཐུགས་དམ་གྱི་རིམ་པ་ནི། ཐོ་རངས་སྐྱ་རེངས་དང་པོའི་དུས་སུ་བིར་སྲུང་ཐུན་མོང་མ་ཡིན་པ་དང་། ལམ་ཟབ་ཐུན་མོང་མ་ཡིན་པ་ལ་སོགས་པ་མཛད། དེ་ནས་སྔོན་འགྲོ་མཆོད་གཏོར་གྱི་རྣལ་འབྱོར་རྒྱས་པ། རྗེ་བཙུན་ཡབ་ལ་བརྟེན་པའི་ལམ་དུས་རྒྱས་པ་བརྒྱ་བཞི་དང་བཅས་པ་མཛད་དོ། །དེ་ནས་གདན་བཞེས་ཀྱི་གོང་དུ་དཀར་ཆ་བཞི། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་མཛད་ཅིང་། དེ་ནས་ཁ་ཟས་ཀྱི་རྣལ་འབྱོར་དང་བཅས་པའི་གདན་བཞེས་མཛད་ནས་གྲོལ་འཕྲལ། རྗེ་བཙུན་ས་སྐྱ་པའི་གསུང་རབ་མཐའ་དག་དང་། གཞན་ཡང་བཀའ་བསྟན་བཅོས་དྲི་མ་མེད་པ་རྣམས་ལ་གཟིགས་རྟོག་ཅི་རིགས་མཛད་ནས་ཉིན་གུང་ལ་བབ་པའི་ཚེ། སྔོན་འགྲོ་མཆོད་གཏོར་