R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༨བ
[A:༣༨བ] བསམ་ཡས་འཇའ་དཀར་ན་ཡོད་པ་ལ། ཁྱེད་ཚོ་འདིར་མགོ་བཏུམ་ནས་སྡོད་དམ་ཟེར་བའི་ཁུང་སྟོན་པ་ཡང་བྱུང་བ་སོགས་ཆོས་སྐྱོང་རྣམས་ཀྱིས་གོ་རེ་ལེན་གྱི་ཚུལ་གྱིས་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས་པ་དང་། ཐུགས་དམ་གྱི་ཐུན་མཚམས་ལས་ས་སྐྱ་པའི་སྙན་བརྒྱུད་ཀྱི་མན་ངག་གསེར་ཆོས་སུ་གྲགས་པ་རྣམས་གདུལ་བྱ་སོ་སོའི་བློ་དང་འཚམས་པར་སྩལ་པས། འཕགས་པའི་དབོན་རྒྱུད་སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་པ་དང་། གསང་ཕུའི་གདན་ས་པ་རིན་ཆེན་རྣམ་རྒྱལདབོན་པོ་རྒྱལ་བ་མཆོག་དབྱངས་སོགས་བསྟན་འཛིན་གྱི་སློབ་མ་ཡང་མང་དུ་བསྐྲུན། སྐུ་གཞོན་ནུའི་དུས་བླ་མའི་ཕྱག་དཔེ་འབྲི་བ་དང་བསྟུན་གསུང་བ་ཟིན་བྲིས་བཏབ་པའི་ཡིག་ཆ་པོ་ཏི་དུ་མ་དང་། དུས་ཕྱིས་བརྟག་གཉིས་ཀྱི་འབྲུ་འགྲེལཀུན་རིག་གི་དཀྱིལ་ཆོག་སོགས་གསུང་རབ་ཀྱང་མང་པོ་གསར་དུ་མཛད། ཆོས་རྗེ་བླ་མའི་དྲུང་དུ་གསུང་ངག་གསན་དུས། ཉམས་སྐྱོན་མེད་འབའ་ཞིག་སྐྱེས་པས་ཐུགས་ངེས་ཤེས་གཏིང་ནས་དྲོངས་པ་དང་། དུས་ཕྱིས་མར་ངོའི་ཚེས་