R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩ན
[A:༣༩ན] བཅུ་ཞིག་ལ་ཆོས་རྗེ་པའི་དུས་དྲན་གྱི་སྒྲུབ་མཆོད་མཛད་དེ། ཐོ་རངས་བླ་མའི་རྣལ་འབྱོར་ཚར་གཉིས་སྒོམ་པའི་ངང་ལ་མནལ་དུ་སོང་བ་ན། ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་སྐུ་ཆེ་ཞིང་མཛེས་པ་ཞིག་བྱོན་ནས། འོ་འདི་ཡིན་ཏེ་ཞེས་པ་ལ་སོགས་པའི་གསུང་བྱོན་པས། དངོས་སུ་མཇལ་བ་ལས་བརྒྱ་འགྱུར་དུ་ལྷག་པའི་དག་སྣང་དང་། མནལ་སད་པ་ནའང་དད་གུས་ཀྱི་ཡུས་ཀྱི་སྣང་བྱིན་རླབས་ཀྱི་ཟི་ལངས་པའི་རྐྱེན་གྱིས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྔར་ལས་ལྷག་པ་ཞིག་འཁྲུངས་ཏེ། ཕྱིས་ཀྱང་ཐུགས་ཉམས་སུ་ཡང་ནས་ཡང་དུ་མྱོང་བ་ལགས་སྐད། མཐར་ཡི་དམ་གྱི་ལྷ་ལ་དངོས་སུ་གནང་བ་ཐོབ་པ་ལྷོ་བྲག་ལས་ཀྱི་རྡོ་རྗེས་སྐུ་ཚེ་འདི་ཉིད་ཀྱི་འོག་རོལ་ཏུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བ་བཞེས་པར་ལུང་བསྟན་པ་བཞིན་དུ་དབེན་གནས་བསམ་གཏན་གླིང་དུ་སྐུ་འདའ་ཁར་ཡང་། སྣང་བ་མཐའ་ཡས་ཀྱི་ཉལ་འཕོ་དང་། བདེ་བ་ཅན་གྱི་སྨོན་ལམ་ཁོ་ན་མཛད་དེ།