[A:༥༡བ] ཅུང་ཟད་བརྗོད་ན། དེ་ཡང་རྗེ་འདི་ཉིད་སྐུ་ན་ཕྲ་མོའི་དུས་དཔལ་མགོན་གྱི་སྔགས་རིང་ཐུགས་ལ་བཟུང་ནས་དེ་འཕྲལ་ཉ་རའི་ཕྱོགས་སུ་བྱོན་ནས་ལམ་དུ་སྣོད་སྟོང་དང་ཞྭ་ལོངས་སོགས་མི་སྡུག་པའི་མཚན་མ་དགུ་བསྟུད་ནས་བྱུང་། མཐར་ཐུགས་དྲན་པས་མི་ཟིན་པ་ཙམ་བྱུང་པ་ན། ཆིབས་གཞོལ་ཏེ་གུར་མགོན་གྱི་སྲུང་འཁོར་བསྒོམས་པས་ཅི་བདེར་སོང་ནས་ངོ་མཚར་བའི་མཚན་མ་བྱུང་གསུངས། འདི་ལྟ་བུའང་འཕྲལ་རྩེ་རེག་གི་རྣམ་པར་སྣང་ཡང་ངེས་པར་ཕུགས་རྗེས་སུ་འཛིན་པའི་ལྟས་སུ་འདུག དེ་བཞིན་དུ་རྟེན་སྐྱ་བོའི་དུས་ནས་དཔལ་མགོན་གྱི་གཏོར་མ་བསྔོ་བའི་སྐབས་འགར་གཏོར་མའི་ཞལ་ཡུད་ཀྱིས་བསྒྱུར་ཡོང་བ་དང་། གློ་བུར་དུ་ཕེབས་བཞུད་དགོས་པའི་སྐབས་འགའ་ཞིག་ཏུ་དུར་ཁྲོད་བདག་པོའི་རྒྱུན་གཏོར་ཁྲུ་རེ་ཙམ་དང་མཐོ་རེ་ཙམ་ཅི་རིགས་པར་འཕར་བ་ཀུན་གྱིས་མཐུན་གྲུབ་ཏུ་མཐོང་བ་དང་། ཆུ་མིག་བླ་བྲང་དུ་བཞུགས་པའི་ནུབ་ཅིག་ནམ་ཕྱེད་ཙམ་ན་ཐུག་ཅོམ་འུར་སྒྲ་ཤིན་ཏུ་ཆེ་བ་ཞིག་