[A:༥༢ན] བྱུང་བའི་རྗེས་སུ་རྗེ་ཉིད་བཞུགས་པའི་སྒོ་དེ་ཤག་སྟེ་ཕྱེ་ནས། པུ་ཏྲ་འདི་མི་ནག་པོ་གོས་ནག་ཅན་འཇིགས་སུ་རུང་བ་ཞིག་ཏུ་བྱས། ཕྱག་གཡས་ན་རལ་གྲིའི་འོད་ཀྱིས་ནང་ཐམས་ཅད་སྒྲོན་མེ་བཏེགས་པ་བཞིན་ལྷག་ལྷག་འོང་བ་ཞིག་བསྣམས་གཡོན་ན་མི་མགོ་ཁྲག་ཐིགས་པ་ཞིག་ཁུར་ནས། འདི་ལེན་པ་དཀའ་ལས་ཆེན་པོ་བྱུང་ཟེར་སྡུག་ཡུས་དང་བཅས་པས་བསྐྱུར་ནས་སོང་གསུངས། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ནག་པོ་ཆེན་པོའི་གསང་ཁྲིད་གསན་ནས་སྒོམ་པའི་དུས་ཤིག འོད་གསལ་གྱི་གཟིགས་སྣང་ལ་རང་ཉིད་གུར་གྱི་མགོན་པོ་དངོས་སུ་གཟིགས་ཤིང་། དེའི་གཡོན་ཕྱོགས་ན་ཡུམ་ཆེན་ཨེ་ཀ་ཛ་ཊི་བཞུགས་པའང་གསལ་བར་གཟིགས། འཁོར་གཞན་རྣམས་ཀྱང་ཡོད་སྙམ་པ་ཙམ་བྱུང་གསུངས། ལན་ཅིག་མནལ་ལམ་གྱི་རྣམ་པར་སྐྱེད་ལྷས་ཤར་ངོས་ཀྱི་སྤྱིལ་པོ་ཞིག་ན་བཞུགས་འདུག་པའི་ཚེ། མི་གཅན་