[A:༧༣ན] པས། ཆོས་སྐྱོང་རྣམས་ཀྱིས་འབྲལ་མེད་དུ་འགྲོགས་ནས་གྲོགས་བྱེད་ཀྱིན་འདུག སྐྱེ་བ་འདི་འཕོས་ནས་ཚེ་སྔ་མའི་ལས་ཀྱི་འཕེན་ཤུགས་ཀྱིས་རྒྱ་ནག་གི་མཐའ་འཁོབ་ཏུ་རུ་ཊ་མོ་ཞིག་གི་མངལ་དུ་ཟླ་བ་བདུན་འཇུག་དགོས་འདུག དེ་ནས་མ་དེ་ཆོས་སྐྱོང་གིས་བསྒྲལ་ནས། སྡེ་པ་ཁོང་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་བུ་བདེ་ལྡན་འོད་ཟེར་ཞེས་བྱ་བར་སྐྱེ་བ་བླངས་ནས་ཕྱག་ན་རྡོ་རྗེའི་གསུང་ཐོས་ཆོས་ཐོབ་ནས། ཁོང་གི་བྱ་བ་དེས་འགྲུབ་པར་འདུག ཁྱེད་ཀྱིས་འབད་རྩོལ་ཆེན་པོ་མཛད་ན་མ་དེའི་མངལ་དུ་ཟླ་བ་གཅིག་ཙམ་གྱིས་ཆོག་ཉེན་འདུག གང་ལྟར་དོ་ནུབ་མཇལ་བ་ལ་ཡོང་བ་ཡོད་དོ་གསུང་བ་བྱུང་པས། དེའི་ནུབ་ཆེད་དུ་ཐུགས་ཀྱི་འདུན་པ་གཏད་པས་ཚེས་བཅོ་ལྔའི་ནུབ་མནལ་ལམ་དུ་སྡེ་པ་ཁོང་སྐུའི་ཆ་ལུགས་སྔར་ལྟར་མཛད། ཨ་ཙ་ར་མང་པོས་སྐུ་སྐྱོར་བའི་རྣམ་པ་བྱས་ནས་རྗེའི་སྤྱན་སྔར་སླེབས་བྱུང་སྟེ། བདག་ཚེ་འཕོས་