R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣བ
[A:༧༣བ] ཀྱང་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། ཨ་ཙ་ར་འདི་རྣམས་ཀྱིས་ཀྱང་གྲོགས་བྱས། ཅི་བྱས་ཚབས་སུ་སོང་བའི་རྒྱལ་ག་ཡོད་པ་བྱུང་། བསྐྱེད་རིམ་གསལ་ཞིང་གཏོར་བསྔོ་ཡེ་མ་ཆག་པ་བྱས། བདག་ལ་ཕྱག་རྡོར་གྱི་བསྐྱེད་རིམ་གསལ་འདེབས་གཅིག་གནང་དགོས་ཞེས་ཞུ་བ་གསལ་བར་བྱུང་བས། དེ་དུས་ཀྱང་གསལ་འདེབས་མཛད། སང་ནངས་པར་ནས་བཟུང་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་སྡེ་པ་དེ་ཉིད་ཀྱི་མཚན་བྱང་ལམ་སྟོན་ལན་གསུམ་གྱི་བར་དུ་མཛད་པས། རེ་ཞིག་ནས་རྗེ་ཉིད་ཀྱི་ཐུགས་དམ་གསལ་སྣང་ལ། བར་སྣང་ལ་འབྲུག་སྐད་སྙན་པོ་ཞིག་བྱུང་བ་ལ་གཟིགས་པས། གཟིམ་ཁང་གི་ལོགས་ཐམས་ཅད་འོད་ཀྱི་རྣམ་པ་ཅན་གྱི་ནོར་བུ་མིག་གསུམ་པས་གང་བ་ཤིན་ཏུ་གསལ་བར་གཟིགས་པས། རྗེ་ཉིད་ཀྱི་ཐུགས་ལ་སྡེ་པ་དེ་ཉིད་བྱང་ཕྱོགས་ལྕང་ལོ་ཅན་དུ་གནོད་སྦྱིན་འབྲུག་ལ་ཞོན་པ་ཅན། མིང་བདེ་ལྡན་འོད་ཟེར་ཞེས་བྱ་བར་སྐྱེས་ནས་དྲིན་ལན་