[A:༡༨༨ན] ཡར་ལུང་པ་སེང་རྒྱལ་གྱི་གཏོར་སྒྲུབ་ཞག་སྦྲེལ་གྱི་ཡི་གེ་ལས་ཀྱང་། བཤགས་པ་འདི་ཉིད་སྔོན་ལ་བྱས་ནས། དེའི་རྗེས་སུ་བསྐང་བ་བཤད། དེ་བཞིན་དུ་ས་སྐྱ་པའི་ཞལ་ངོ་ནང་བརྒྱུད་སོགས་ཕྱག་ལེན་ཚད་ལྡན་ཀུན་ལ་འདི་ཁོ་ན་གནང་ཞིང་། དེ་ཡང་བཤགས་པ་བྱེད་པའི་ཚེ་ཆོས་སྐྱོང་རྣམས་མདུན་དུ་བསམ་ཞིང་། རང་ཉིད་ཐ་མལ་པར་བྱས་ནས་བྱེད་པ་ཆོས་རྗེ་བླ་མའི་ཕྱག་ལེན་ཡིན་གསུངས་པ་དང་། ཡང་རང་ཡང་ཡི་དམ་ཆོས་སྐྱོང་རྣམས་ཀྱང་ཡི་དམ་དུ་མོས་ནས་བཤགས་པ་དང་། མཆོད་བསྟོད་སོགས་བྱེད་པ། ཆོས་རྗེ་ས་པཎ་གྱི་གསུང་བགྲོས། ན་བཟའ་བྲག་ཕུག་པའི་ཕྱག་ལེན་ཡིན་གསུངས་པའི་ལུགས་གཉིས་སྣང་བ་ལས། ཕྱི་མ་འདི་ཉིད་ལེགས་པར་གོང་མ་དག་བཞེད་ཅིང་། གཏོར་སྒྲུབ་ཀྱི་གོ་དོན་ལ་བདག་ཆེན་རྡོ་རྗེ་འཆང་གི་སློབ་རྒྱུད་རྗེ་རྡོ་རིང་པ་དཔོན་སློབ་རྣམས་ཀྱི་དགོངས་བཞེད་ཀྱི་གཙོ་བོ་ནི། གཏོར་སྒྲུབ་ཅེས་པ་གཏོར་མ་སྒྲུབ་ཅིང་མཆོད་པའི་