[A:༡༨༨བ] དོན་ཡིན་ཏེ། རྟག་གཏོར་དང་འཛིན་གཏོར་གང་རུང་ཆོས་སྐྱོང་དུ་བསྐྱེད་ནས་གཏོར་མ་བསྔོ་བ་དང་། མཆོད་པ་དང་། བསྐང་བ་དང་། བསྟོད་པ་རྣམས་གྲུབ་ན་ཐམས་ཅད་དང་། བསྡུ་ན་གཏོར་བསྔོའི་རྗེས་སུ་བཤགས་པ་དང་མཆོད་པ་སོགས་ཅི་རིགས་པ་བྱས་པ་ནི་གཏོར་མ་སྒྲུབ་མཆོད་དུ་འགྱུར་བ་ཡིན། དེ་སྐད་དུ་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱི་གཏོར་སྒྲུབ་ཀྱི་ཡི་གེ་ལས། སྔོན་འགྲོ་གཏོར་མ་ནས་དཀོན་མཆོག་དང་གཏོར་མ་ལ་ཚོགས་ཕུད་འབུལ་བའི་བར་སྒྲུབ་མཆོད་རྒྱས་བསྡུས་གང་རུང་བྱས་ལ་ཞེས་གསུངས་པའི་དགོངས་པ་དང་མཐུན་པའི་དབང་དུ་མཛད་ནས། རྗེ་ཚར་པའི་གཏོར་མ་གསུམ་གྱི་རྣམ་གཞག་ལས་ཀྱང་། ཞི་རྒྱས་དབང་གསུམ་གྱི་གཏོར་སྒྲུབ་ཀྱི་ལག་ལེན་ཞལ་ཤེས་ནི། རྟག་གཏོར་ཡོད་ན་རབ། མེད་ན་འཛིན་གཏོར་ལྷར་བསྐྱེད་ཅེས་གསུངས་སོ། །དོན་འདི་ཉིད་རྫོང་པ་ཀུན་དགའ་རྒྱལ་མཚན་པ་ཡང་བཞེད་དོ། །ཁོང་གིས་མཛད་པའི་