[A:༡༨༩ན] སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ན་ཡང་བཤད་པ་སྣང་བས། དེས་ན་གཏོར་མ་ལྷར་བསྐྱེད་པ་དང་མ་འབྲེལ་ན་བསྐང་གསོ་དང་བསྟོད་པ་སོགས་ཅི་རྒྱས་ཀྱང་གཏོར་སྒྲུབ་ཀྱི་ཐ་སྙད་མི་ཐོབ་སྟེ། དཔེར་ན་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་དཀྱིལ་འཁོར་དུ་བསྐྱེད་པ་དང་མ་འབྲེལ་ན། མདུན་བསྐྱེད་མཆོད་བསྟོད་རྒྱས་བསྡུས་གང་ཡིན་ཀྱང་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཐ་སྙད་མི་ཐོབ་པ་བཞིན་ནོ། །གནད་འདི་ནི་སྙིང་གི་དཀྱིལ་དུ་ཆོངས་ཤིག དེས་ན་བསྐང་བཤགས་དང་གཏོར་སྒྲུབ་ལ་མུ་བཞི་ལས། བསྐང་བཤགས་ཡིན་ལ། གཏོར་སྒྲུབ་མ་ཡིན་པ་ནི་བཤད་མ་ཐག་པ་ལྟར་ཡིན་ཞིང་། གཏོར་སྒྲུབ་ཡིན་ལ་བསྐང་བཤགས་མ་ཡིན་པ་ནི། གཏོར་མ་ལྷར་བསྐྱེད་པ་ལ་གཏོར་བསྔོ་དང་། བདུད་རྩི་ལྔ་མཆོད་དང་། བསྟོད་པ་ཙམ་བྱེད་པའོ། །གཉིས་ཀ་ཡིན་པ་ནི་གཏོར་མ་ལྷར་བསྐྱེད་པ་ལ་བསྐང་བཤགས་རྒྱས་པ་བྱེད་པའོ། །གཉིས་ཀ་མ་