[A:༡༨༩བ] ཡིན་པ་ནི། གཏོར་མ་ལྷར་བསྐྱེད་པ་དང་ཡང་མ་འབྲེལ་ཞིང་གཏོར་བསྔོ་ཙམ་བྱེད་པའོ། །དེ་ལྟ་བུའི་གཏོར་སྒྲུབ་ཀྱི་གོ་དོན་འདི་རྣམས་ནི་རྗེ་དབང་ཕྱུག་རབ་བརྟན་དང་། མཁན་ཆེན་ཐམས་ཅད་མཁྱེན་པའི་གསུང་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ལ། ཡང་བླ་མ་དེ་དག་གི་བཞེད་པས་གཏོར་སྒྲུབ་ཞག་མང་པོ་སྦྲེལ་ནས་བརྒྱ་ཚར་སོགས་བྱེད་ན། གཏོར་མ་ལྷར་བསྐྱེད་པ་དང་འབྲེལ་བའི་ཚར་དང་པོ་ལ་མཆོད་པ་དང་བསྐང་བ་སོགས་ཐམས་ཅད་རྒྱས་པ། དེ་ནས་ཚར་གཞན་ལ་རྒྱས་བསྡུས་བྱེད་ན། བསྐང་བ་དང་བསྟོད་པ་གཉིས་ཀྱིས་ཆོག་ཅིང་། དེ་བས་བསྡུ་ན་བཤགས་པ་དང་བསྟོད་པ། དེ་བས་ཀྱང་བསྡུ་ན་བསྟོད་པ་ཙམ་གྱིས་ཀྱང་ཆོག་པ་ཡར་ལུང་པའི་ཡི་གེ་ལས་བཤད་དོ་ཞེས་གསུངས་ཤིང་། ཚུལ་འདི་ལ་དཔག་ན་གཏོར་སྒྲུབ་ལ་བསྟོད་པ་ངེས་པར་མ་ཆད་པ་གཅིག་དགོས་པར་བཞེད་རྒྱུར་སྣང་ལ། ཡང་བླ་མ་གོང་མའི་ཕྱག་ལེན་ལུགས་གཅིག་ལ། ཆོས་སྐྱོང་གང་ལ་གཏོར་སྒྲུབ་བརྒྱ་