[A:༢༢བ]དངོས་སློབ་རྣམས་ཀྱི་གསུང་ལས་ཐོས་སོ། ཉེར་གཅིག་གི་སྔ་དྲོ་སྔ་བར་རྗེ་དབོན་པས་སྐུ་དྲུང་དུ་བྱོན་ནས། སྐུ་ཁམས་ཤིན་ཏུ་སྙེལ་བ་ཡོད་པ་འདྲ་ཞུས་པས། ད་ལྟ་ན་རྒྱུ་མེད། ཚེས་བཅོ་བརྒྱད་ཀྱི་ཉིན་ན་བ་བྱུང་གསུངས། ཐུགས་དམ་གྱི་ལྟས་ཇི་ལྟར་བྱུང་ཞུས་པས། བཅུ་དྲུག་གི་ཐོ་རངས་ཅུང་ཟད་གཉིད་པའི་རྨི་ལམ་དུ་གཅེར་བུ་འདོམ་དཀྲིས་ལས་མེད་པ་རལ་པའི་ཐོར་ཅོག་ཅན་ཞིག་ལ་ཕྱག་གཅིག་བྱས་པ་རྨིས། ཕྱི་ཐལ་ཡིན་པ་འདུག་གསུངས། འོ་ན་སྔར་གྱི་སྐུ་ཁམས་མ་བདེ་བ་བྱུང་དུས། ས་ལོ་འཇམ་དབྱངས་ཆེན་པོ་མནལ་ལམ་དུ་འབྱོན་གྱིན་ཡོད་འདུག་པ་བྱུང་ལགས་སམ་ཞུས་པས། ནམ་ཟེར་གྱིས་འདུག་གསུངས། ན་ནིང་ལམ་འབྲས་ཀྱི་སྐབས་ཞིག་ཏུ་གྲིབ་ལ་རྟེན་ནས་སྐུ་ཁམས་སྙེལ་དུས་གསུང་གི་འདུག་ལགས་ཞུས་པས། ཁྱེད་དྲན་པ་གསལ། གཞན་ཡོང་གི་ཡོད་རྗེ་ཡབ་སྲས་གསུམ་ཀའི་ཞལ་དངོས་སུ་སྟོན། རྗེ་སངས་རྒྱས་རིན་ཆེན་ཐུགས་བརྩེ་བ་ཡིན་ནམ། ཁྱེད་ཀྱི་ཁམས་འདུས་འདི་དང་པོ་རྐྱེན་འདི་ལ་རྟེན་ནས་བྱུང་། བར་དུ་སྨན་སྤྱད་རིམ་འགྲོ་འདི་བཞིན་གྱིས། ཐ་མར་བཞག་འདི་ཙམ་ལ་ཕན་གསུང་བ་ཡོང་གིན་ཡོད་དེ། ན་ནིང་འཆིངས་ལ་ཐེ་བ་ནས། ལང་ལོང་མང་དུ་བྱས་འཇིག་རྟེན་པ་རང་རྒྱུད་པ་ལྟར་དུ་སོང་། ཁ་བཏོན་ཀྱང་གནད་དུ་མི་འགྲོ་བ་བྱུང་བས། རྗེ་བླ་མ་གསུམ་གྱིས་ཐུགས་ཀྱིས་