R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢༣ན
[A:༢༣ན]བཏང་པ་འདྲ། ད་བར་ཞལ་བསྟན་མ་བྱུང་གསུངས་པས། ཤིན་ཏུ་འཇིགས་ཤིང་གསོལ་བ་མི་ཐེབ་པ་འདྲ་སྙམ་པ་རྗེ་དབོན་ཉིད་ཀྱི་ཐུགས་ལ་ཤར། ཡང་ལན་གཅིག་རྗེ་དབོན་དཀོན་མཆོག་དཔལ་ལྡན་ལ་སྤྱན་ཆེར་ཏེ་གཟིགས་ནས། དང་པོ་ང་ལོ་བཅུ་གསུམ་ལ་ཆོས་སྒོར་ཞུགས། ཉི་ཤུ་རྩ་ལྔ་ལ་འཆད་ཉན་བྱས། སུམ་ཅུ་རྩ་བདུན་ལ་ཨེ་ཝཾ་གྱི་གདན་ས་བྱས། བཞི་བཅུ་རྩ་དགུ་ལ་བདག་ཆེན་སྐུ་མཆེད་གཉིས་ཀྱི་བླ་མ་བྱས། རང་ལོའི་འཕར་བ་ཡིན་ཏེ། ད་ལོ་ཅུང་ཟད་དོག་པ་འདྲ། ལར་ཁྲི་ཐོག་ཏུ་སླེབ་ནས་ལོ་གསུམ་ཙམ་ཕྱི་ནང་ཀུན་ནས་ཟག་བསོག་བྱེད་མི་མང་རབ་བྱུང་སྟེ། རང་གི་བྱེད་རྒྱུ་ཆོས་འཆད་པའི་ཁུར་མ་གཏོགས་མེད་སྙམ་པ་བྱས། གང་ལ་ཡང་འཇུག་རྟོགས་མ་བྱས་པས། ཕྱིས་སུ་གྲྭ་རིགས། སྡེ་དཔོན་སོགས་སུས་ཀྱང་ཚད་མར་འཛིན། དེ་བླ་མའི་བཀའ་དྲིན་ཡིན་པར་གོ ད་བླ་བྲང་གི་ལྷོ་སྐྱ་སྤོ་བ་དང་། ཞིག་གསོས་འདྲ་མ་ཐུབ། ཚ་ཁང་འདི་རྣམས་ལ་བཅོས་མ་ཐུབ། བདག་ཆེན་སྐུ་མཆེད་གཉིས་འདི་བས་ཐུགས་མཐུན་ཙམ་བྱུང་ན་བསམ་པ་ཡོད། འདི་ཙམ་སེམས་འཕྲང་བ་འདུག གཞན་གདན་ས་བྱས་ནས་ལོ་ཉི་ཤུ་རྩ་བཞི་སོང་སྟེ། དུས་ཆོས་གསུམ་མ་ཆག་པ་བྱས། བླ་མ་གོང་མའི་དུས་ཇ་དཀར་མེ་རྣམས་ཀྱང་ཡར་ལྡན་དུ་སྤར། དུས་ཕྱིས་དག་ལྗོན་སྤྱི་གསུམ་དང་། གཏོར་མ་བརྒྱ་རྩ་ཚོང་ཨེ་བྱེད་ཟེར་བའི་དུས་སུ། ངས་སྤྱི་དོན། སྒོས་དོན།