[A:༢༢ན]སྟེང་ནས་ཐོངས་ལ། གྲྭ་པ་རྣམས་ཅི་དགའ་དགར་ལོངས་སྤྱོད་དུ་ཆུག རབ་ཏུ་བྱུང་བ་ཤི་བའི་རྗེས་སུ་མྱ་ངན་བྱེད་པ་ཆོས་དང་མི་མཐུན་པས་དེ་འདྲའི་རིགས་ཡེ་མ་བྱེད། ད་ལན་གྱི་གཏོར་བསྒྲུབ་ཆེན་མོ་སོགས་བསྟན་པའི་བྱ་བ་རྣམས་ཡར་འཕེལ་དུ་ཡོང་བ་གྱིས་གསུངས་པ་སོགས་བཀའ་ཆེམས་ཞིབ་པར་ཕེབས་སྐབས། དགེ་སློང་ཆེན་མོ་བ་སོགས་ཀྱིས་ད་ལོ་སྐུ་དོག་ཆེན་པོ་ཡོད་ཟེར་བ་ནས། སྤྱི་དགོས་ཀྱི་གྲྭ་དགོན་རྣམས་སུ་སྐུ་རིམ་མང་ཇ་སུམ་བརྒྱ་ཙམ་བསྒྲུབས། ད་ལན་མ་བཞུགས་པའི་དཔེ་མི་འདུག་ལགས་ཞུ་བ་སོགས་ཀྱི་ངུ་འབོད་མང་དུ་ཞུས་པས། རིམ་གྲོ་དེ་བཞིན་བགྱིས་པས་ངེད་དགོན་པར་སླེབ། དཔོན་སློབ་འཕྲད་བྱས་པ་འདི་ཀ་དཀོན་མཆོག་གི་ཐུགས་རྗེ་ཡིན་མོད། བར་ལམ་དུ་ཤི་ན་རུས་པ་ཡང་མཐོང་བ་འདུག་གམ། གཏན་དུ་འགྲོགས་རྒྱུ་སུ་ལ་ཡང་མི་འདུག འགྲོགས་ཡུན་རིང་པོ་ཡིན། རྫོགས་པའི་སངས་རྒྱས་སྐྱེ་འཆི་དངོས་སུ་སྤངས་ཀྱང་གཞན་ངོར་འགྲོངས་པའི་ཚུལ་བསྟན་པ་ཡིན་གསུངས་བ་སོགས་ཕེབས་འདུག ཚེས་ཉི་ཤུའི་ཉིན་གཡབ་ཆེན་དུ་བཞུགས་ཉི་མ་ཕེབས་པའི་ཚེ། ཐུགས་སྲས་དགེ་སློང་ཆེན་མོ་བ་ལ། ངེད་ཀྱི་འོག་འདི་བཞིན་དུ་སོང་འདུག་གསུངས། དགེ་སློང་པས་བལྟས་པས་གསང་གནས་ལྦ་བ་དང་བཅས་པ་སྦུབས་སུ་ནུབ་ནས་ཤུལ་ཁབ་སྦོམ་ཤོང་བ་ཙམ་ཞིག་འདུག་ཟེར་བ་རྗེ་དབོན་དཀོན་མཆོག་དཔལ་ལྡན་པ་ནས་བརྒྱུད་དེ། དེའི་