R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢༥ན
[A:༢༥ན]གཙུག་ནས་བྱང་སེམས་དཀར་པོ་ནས་འབྲུ་ཙམ་ཞིག་བྱོན། དེ་ཉིན་སྐུ་གདུང་རིན་པ་ཆེའི་གདུང་སྒྲོམ་དུ་སྤྱན་འདྲེན་ཞུས་ནས་གོས་དར་བསམ་གྱིས་མི་ཁྱབ་པ་ན་བཟའི་ཚུལ་དུ་གཡོགས་ཏེ། མཆོད་སྤྲིན་རྒྱ་མཚོའི་དབུས་སུ་གཟིམ་ཆུང་དུ་བཞུགས་སུ་གསོལ་ལོ། །དེ་ནས་ཉེར་ལྔའི་སྔ་ཇ་མ་གྲོལ་བར་སྐུ་གཤེགས་པ་གསང་སྟེ་སྐུ་རིམ་འབའ་ཞིག་བསྒྲུབ། དེ་ཉིན་ཚ་རྟིང་མ་ལ་བླ་བྲང་ཐར་པ་རྩེ་ནས་མང་ཇ་གདན་བཞེས་བཟང་པོ་དང་བཅས་པ་གནང་བའི་སྟེང་དུ། རྗེ་བཙུན་སངས་རྒྱས་སེངྒེ་པའི་དྲུང་ཕེབས་ཏེ་བཀའ་ཆེམས་རྣམས་བསྐྱོར་བ་མཛད་པས། དགེ་འདུན་ཚོགས་པ་ཐམས་ཅད་གདུང་ཤུགས་དྲག་པོའི་སྒོ་ནས་སྤྱན་ཆབ་ཀྱིས་འདུ་ཁང་གང་བ་ལྟ་བུ་མཛད། དེ་རྟིང་རྗེ་བཙུན་སངས་རྒྱས་སེང་གེ་བ་འོ་རྒྱལ་བ་ཅུང་ཟད་སངས་པ་ན། བླ་བྲང་ལ་བསྐོར་བ་མང་དུ་གྱིས་ལ་གདུང་མཇལ་ལ་བྱོན་གསུངས་པ་སོགས་ཀྱི་བཀའ་ལུང་མང་དུ་གནང་རྗེས། མཆོད་ཚོགས་དཔག་ཏུ་མེད་པ་བཤམས་ནས་བླ་མ་མཆོད་ཆོག་ཡན་ལག་བདུན་པ་སོགས་འདུན་པ་རྩེ་གཅིག་པའི་སྒོ་ནས་གསོལ་བ་བཏབ་རྗེས་ཚོགས་པ་རྣམས་ཀྱི་གདུང་མཇལ་ལ་བྱོན། དེ་ཉིན་ན་བཟའ་འབུལ་བ་ལ་དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་སྟོང་ཕྲག་ཙམ་ལ། ནས་ཁལ་གཉིས་རེ་བླ་བྲང་ནས་གནང་། སྐུ་གདུང་རིན་པོ་ཆེའི་དྲུང་དུ་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་པ་དཔོན་སློབ་བདུན་ཕྲག་རེའི་དགེས་པ་རྡོ་རྗེའི་བསྒྲུབ་མཆོད་