[A:༢༥བ]སྔ་ཆོག་དགོང་ཆོག་དང་གསོལ་འདེབས་གདུང་བཞུ་མ་གྲུབ་ཀྱི་བར་དུ་ཕུལ། གཟིམ་ཁང་གཡབ་ཆེན་དུ་བླ་མ་རིན་པོ་ཆེ་ལུང་རིགས་རྒྱ་མཚོ་དང་། རྗེ་ཤར་ཁང་ནས་གཉིས་ཀྱི་གཙོས་པའི་དགེ་འདུན་ལྔ་བཅུ་ཙམ་རེའི་དགེས་པ་རྡོ་རྗེའི་བསྒྲུབ་མཆོད་སྔ་ཆོག་དགོང་ཆོག་ཉེར་ལྔ་ནས་ཟླ་བ་ཕྱི་མའི་ཚེས་བཅོ་བརྒྱད་ཀྱི་བར་དུ་ཕུལ་ཏེ། གསོལ་འདེབས་པ་རྣམས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་གནང་སྦྱིན་དང་བཅས་པ་བསྒྲུབ། དེ་ནས་ཕྱོགས་ཀྱི་དགོན་པ་ཆེ་ཕྲ་ཕར་ཆེར་དུ་མང་ཇ་འགྱེད་བཅས་སྟོབས་ཆེ་བ་དང་། ཚེས་བཅུ་ནས་གསོལ་འདེབས་ཆེན་མོ་བཙུགས་ཏེ་དགེ་འདུན་སྟོང་ཕྲག་དུ་མ་དང་། རྟོགས་ལྡན་ཕོ་མོ་ལྔ་བརྒྱ་ཙམ་ལ་མང་ཇ་སྙེད་བཀུར་འབུལ་ནོད་བློའི་ར་བ་ལས་འདས་པ་དག་བསྒྲུབ་ཅིང་། གཞན་ཡང་ལོ་དུས་ཟླ་དུས་ཀྱི་དུས་མཆོད། ཕྱི་རྟེན་ནང་རྟེན་བཞེངས་པ་སོགས་ཆོས་རྗེ་གདན་ས་པ་དང་། རྗེ་དབོན་རྣམ་པ་གཉིས་དང་བཅས་པའི་དོ་དམ་རྐང་ལེན་མཛད་ནས་ཕུལ་དུ་ཕྱིན་པ་བསྒྲུབ་པར་མཛད་དོ། །སྐུ་གདུང་རིན་པོ་ཆེ་རྒྱལ་ཟླ་བའི་ཉེར་གཅིག་ལ་བཞུ་ལ་ཕུལ་བའི་ཚེ་དུད་སྤྲིན་ཐམས་ཅད་རྡོ་རྗེ་དང་རལ་དྲི་དང་། མཆོད་སྤྲིན་གྱི་རྣམ་པ་དཔག་ཏུ་མེད་པར་གྱུར་ནས་ནམ་མཁའི་ལྟོས་ཁྱབ་པ་བྱུང་ཞིང་། གདུང་རིང་བསྲེལ་འབྲེལ་དཔག་ཏུ་མེད་པ་བྱུང་བ་རྣམས་རྟེན་སོ་སོའི་ནང་དུ་བཞུགས་སུ་གསོལ། གདུང་རུས་ལྷག་མ་རྣམས་ལ་གདུང་ཚ་ཆེ་ཆུང་ཁྲི་ཁྲག་དུ་མ་བཏག་